[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ནང་སོག་ཧོ་ཐའོ་ཞིང་ཆུ་འདྲེན་ཁུལ་དང་ཅང་ཤིས་ཆན་ཅིང་ཕོའི་ཤུལ་བཞག་འདུན་ཞུ་ལམ་ལྷོངས་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    ཟླ་9ཚེས་4ཉིན་གྱི་སྔ་དྲོར་ཧིན་རྡུ་ཉི་ཞི་ཡར་འཚོགས་པའི་རྒྱལ་སྤྱིའི་ཞིང་ཆུ་འདྲེན་འབུད་ཨུ་ལྷན་གྱི་རྒྱལ་སྤྱིའི་ལག་བསྟར་ལས་འཛིན་ལྷན་ཚོཌ་ཀྱི་ཚང་འཛོམས་ཚོགས་འདུ་སྐབས་70པའི་ཐོག 2019ལོའི(ཁག་དྲུག་པ)འཛམ་གླིང་གི་ཞིང་ཆུ་འདྲེན་པའི་ལས་གྲྭའི་ཤུལ་བཞག་མིང་གཞུང་ཁྱབ་བསྒྲགས་བྱས་ཤིང་། ནང་སོག་གི་ཧོ་ཐའོ་ཞིང་ཆུ་འདྲེན་ཁུལ་དང་ཅང་ཤིས་ཕུའུ་ཀྲོའུ་ཡི་ཆན་ཅིང་ཕོ་རྣམ་གྲངས་གཉིས་ཀྱི་ཤུལ་བཞག་འདུན་ཞུ་ལམ་ལྷོངས་བྱུང་ནས་རང་རྒྱལ་གྱི་འཛམ་གླིང་ཞིང་ཆུ་འདྲེན་པའི་ལས་གྲྭའི་ཤུལ་བཞག་ཁག་19ཟིན་ཡོད།

    ཧོ་ཐའོ་ཞིང་ཆུ་འདྲེན་ཁུལ་ནི་ནང་སོག་རང་སྐྱོང་ལྗོངས་པཱ་ཡན་ཀྲོ་གྲོང་ཁྱེར་དུ་ཡོད་ལ། རྨ་ཆུ་དྲངས་ནས་ཆུ་གཏོང་བའི་ལོ་རྒྱུས་ཧན་རྒྱལ་རབས་བར་རྒྱུན་དེད་ཆོག ཧོ་ཐའོ་ཞིང་ཆུ་འདྲེན་ཁུལ་ནི་ནང་སོག་ས་མཐོའི་འབྲུ་རིགས་ཐོན་ཁུལ་དང་སྣོད་བཅུད་སྲུང་ཡོལ་གལ་ཆེ་ཤོས་ཡིན་པ་དང་། ད་ལྟའི་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་1020ཟིན་ཡོད།

    ཆན་ཅིང་ཕོ་ནི་ཅང་ཤིས་ཞིང་ཆེན་ཕུའུ་ཀྲོའུ་གྲོང་ཁྱེར་ཧྥུའུ་ཧོ་གཙང་པོའི་གཞུང་རྒྱུན་ཐོག་ཡོད། དེ་ཐང་རྒྱལ་རབས་སུ་བསྐྲུན་འགོ་ཚུགས་པ་དང་འབྲི་ཆུའི་དབུས་རྒྱུད་ཀྱི་ཀན་ཧྥུའུ་ཐང་གཞོང་གི་ཆུ་འདྲེན་ཞིང་ལས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་རེད། ཆན་ཅིང་ཕོ་ཡི་རིང་ཚད་སྤྱི་ལེ་1.1ཟིན་པ་དང་དེ་ནི་ཀྲུང་གོའི་ད་ཡོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ལྗིད་ཤུགས་སྟེར་བའི་རྡོ་བརྩེགས་ལ་བརྟེན་ནས་གཙང་ཆུ་འདྲེན་པའི་ལས་གྲྭ་ཡིན་པ་དང་ད་ལྟའི་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་2.2ཟིན་ཡོད། ཆན་ཅིང་ཕོ་ཡིས་ཞིང་ཆུ་འདྲེན་པ་དང་། ཆུ་ལོག་འགོག་པ། ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་ཆུའི་ཁོར་ཡུག་སླར་གསོ། ཆུ་ཐོག་སྐྱེལ་འདྲེན་འགན་ལེན་སོགས་ཐད་ནུས་པ་གལ་ཆེན་ཐོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།