[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་སར་ཆུ་གཏོར་རླངས་འཁོར་གྱིས་ལམ་འགྲུལ་བ་རློན་པ་བཟོས་པས་ཐེར་འདོན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    ཉེ་ཆར། ལྷ་སའི་གྲོང་མིས་ལྷ་ས་གྲོང་ཁྱེར་གྱི་སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་12345བརྒྱབ་ནས་གྲོང་ཁུལ་གྱི“ཆུ་གཏོར་རླངས་འཁོར་གྱིས་ཆུ་གཏོར་སྐབས་ཤུགས་ཆེ་དྲགས་པ་མ་རེད་དམ། ཆུ་ཚང་མ་མི་བགྲོད་ལམ་བུར་སྟོར་འདུག” “ཆུ་གཏོར་རླངས་འཁོར་མི་བགྲོད་ལམ་གྱི་ཉེ་འགྲམ་དུ་སླེབས་སྐབས་ཆུ་མི་འགོག་པའི་རྒྱུ་མཚན་ཅི་ཡིན་ནམ”ཞེས་པ་སོགས་ཀྱི་གནད་དོན་སྣ་ཚོགས་གོང་ཞུ་བྱས་པར་དམིགས་ཏེ། ཉེ་ཆར་གསར་འགོད་པས་ཁྲེང་ཀོན་ཆུས་ཁོར་ཡག་འཕྲོད་བསྟེན་སྲུང་སྐྱོང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བར་འབྲེལ་བ་བྱས་པ་ཡིན།

    ཉེ་ཆར། གྲོང་མི་ཞའོ་ལི་ཅ་ལག་ཉོ་བར་ཕྱིན་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་སྒོ་འགྲམ་གྱི་མི་བགྲོད་ལམ་བརྒྱུད་ནས་ལོག་སྐབས། ཆུ་གཏོར་རླངས་འཁོར་ཆུ་གཏོར་གྱིན་དུ་ཡོང་བཞིན་ཡོད་པ་དང་། མི་བགྲོད་ལམ་དུ་མི་ཡོད་ཀྱང་མུ་མཐུད་ཆུ་གཏོར་བས། “ཨ”ཞེས་སྐད་ངན་ཤོར་བ་དང་སྦྲགས་ཞའོ་ལི་ཚུད་པའི་ལམ་འགྲུལ་བ་ཚང་མའི་གྱོན་ཆས་རློན་རྐྱང་བཟོས་ཡོད།

    “ངའི་བསམ་པར་ཆུ་གཏོར་རླངས་འཁོར་གྱིས་ཆུ་མ་བཀག་པ་ནི་ལུགས་དང་མ་མཐུན་པ་ཞིག་རེད་སྙམ་ནས་འཕྲལ་དུ་ལྷ་ས་གྲོང་ཁྱེར་གྱི་སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་12345བརྒྱབ་ནས་གནད་དོན་དེ་གོང་ཞུ་བྱས་པ་ཡིན”ཞེས་ཞའོ་ལི་ཡིས་དེ་ལྟར་བརྗོད། ལས་དོན་མི་སྣས་ཁ་པར་འབྱོར་འཕྲལ་ཁྲེང་ཀོན་ཆུས་ཁོར་ཡུག་འཕྲོད་བསྟེན་ཅུས་ལ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲད། ཅུས་དེས་ཞིབ་དཔྱད་བྱས་རྗེས། ཆུ་གཏོར་རླངས་འཁོར་གྱིས་ལམ་འགྲུལ་བ་རློན་པ་བཟོས་པ་དེ་ནི་ཁ་ལོ་བས་མ་འགྲིག་པ་ཞིག་ཡིན་པ་ཤེས། མིག་སྔར་འབྲེལ་ཡོད་ཚན་པས་ཁ་ལོ་བ་དེར་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཟླ་བ་འདིའི་ལས་རྗེས་གླ་ཆ་མེད་པར་བཟོས་པ་མ་ཟད། ཟླ་བ་རྗེས་མའི་ཁོར་ཡུག་འཕྲོད་བསྟེན་ལས་བཟོའི་ཚོགས་ཆེན་ཐོག་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་རྒྱུའི་ཐག་བཅད།

    ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་མ་འཇོག་ཅེ་ཏ་ཁོར་ཡུག་གཙང་སྦྲ་འཕྲོད་བསྟེན་ཚད་ཡོད་ཀུང་སིའི་རླངས་འཁོར་རུ་ཁག་གི་འགན་འཁུར་བ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་དོན། ང་ཚོར་ཆུ་གཏོར་རླངས་འཁོར་20ཡོད་པས། ལྷ་ས་གྲོང་ཁུལ་གྱི་མ་ལམ་ཚང་མར་དུས་གཅིག་ཏུ་ཁྱབ་ཀྱི་ཡོད། ཆུ་གཏོར་རླངས་འཁོར་གྱིས་ཆུ་གཏོར་སྐབས་གཙོ་བོ་གནམ་གཤིས་དང་ཁོར་ཡུག་གི་ཆ་རྐྱེན་ལ་ལྟ་གི་ཡོད། གལ་ཏེ་གནམ་གཤིས་ཚ་བ་ཆེན་པོ་བསྟན་ན། ཆུ་གཏོར་རླངས་འཁོར་གྱིས་ལམ་དུ་ཆུ་གཏོར་ནས་དྲོད་ཚད་གཅོག་ཐབས་བྱེད་པ་དང་། གལ་ཏེ་ཐལ་རྡུལ་འཚུབ་པའི་གནམ་གཤིས་བསྟན་ན་ཉི་མ་མེད་ཀྱང་ཆུ་གཏོར་གྱི་ཡོད།

    དེ་དང་ཆབས་ཅིག་རླངས་འཁོར་རུ་ཁག་དེས་ཆུ་གཏོར་རླངས་འཁོར་མི་བགྲོད་ལམ་མམ་ཡང་ན་ལམ་མདོར་སླེབས་སྐབས་རང་འགུལ་ངང་མྱུར་ཚད་འགོར་དུ་གཏོང་དགོས་པ་མ་ཟད། ཆུ་ཡང་འགོག་དགོས་ཀྱི་ཡོད། མི་བགྲོད་ལམ་མམ་ལམ་མདོ་བསྒྲལ་རྗེས། ཁ་ལོ་བས་གནས་ཚུལ་ལ་གཞིགས་ནས་ཆུ་སླར་ཡང་གཏོར་ཆོག་པ་ཁ་གསལ་བཏོན་ཡོད། ད་རེས་དང་འདྲ་བར“ལམ་འགྲུལ་བ་རློན་པ་བཟོས་པའི་གནས་ཚུལ་འདི་རིགས་ཐོན་ཉུང་ཉུང་རེད”ཅེས་བཀྲ་ཤིས་ཀྱིས་བརྗོད་པ་དང་། ཁོང་གིས་ཀུང་སིས་གལ་ཏེ་ཁ་ལོ་བ་གཅིག་ཐེར་འདོན་གཅིག་མཚུངས་ཐེངས་གསུམ་བྱས་ན། ལས་གནས་གཞན་དག་ཏུ་གཏོང་བའི་གཏན་འབེབས་བཟོས་ཡོད་ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།