[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་པར་གཟིགས་སྐྱོང་བྱེད་པའི་བྱེད་ཐབས་སྣ་ཚོགས་བཏོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    ཉེན་རྟོག་པར་གཟིགས་སྐྱོང་བྱེད་པའི་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱ་ཆེད། ཟླ་8ཚེས་14ཉིན། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཏང་ཨུད་ཀྱིས“དམངས་ཀྱི་སེམས་ཁྲལ་སེལ་བ་དང་། ཉེན་རྟོག་པར་དྲོ་སྐྱིད་སྦྱིན་པ། ཉེན་རྟོག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ”བཅས་ཀྱི་རྩ་དོན་གཞིར་བཟུང་། མཉམ་སྡེབ་སྐྱེས་སྐར་འདུ་ཚོགས་ལམ་ལུགས་དང་། ཁྱིམ་ཚང་བྱེད་སྒོའི་ཉིན་མོའི་ལམ་ལུགས། གཅེས་སེམས་མངགས་བཅོལ་འཛིན་གྲྭའི་ལམ་ལུགས་སོགས་ཉེན་རྟོག་པར་གཟིགས་སྐྱོང་བྱེད་པའི་བྱེད་ཐབས་གཅིག་རྗེས་གཉིས་མཐུད་ངང་བཏོན་ནས་ཉེན་རྟོག་པར་གཟིགས་སྐྱོང་བྱེད་པའི་བྱེད་ཐབས་དོན་འཁྱོལ་ཏན་ཏིག་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱིས《ཉེན་རྟོག་པར་གཟིགས་སྐྱོང་བྱེད་པའི་དེབ་གཅིག》ཆེད་མངགས་བཟོས་པ་མ་ཟད། ཉེན་རྟོག་པར་དགའ་ཞེན་དང་ཉེན་རྟོག་པར་དྲོ་སྐྱིད་སྦྱིན་པའི་ཞིབ་ཕྲའི་བྱེད་ཐབས་ཀྱང་བཏོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།