[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དོན་མེད་རྙོག་དྲ་བསླངས། སྡུག་གྱོང་སོ་སོར་ཕོག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་དུ་གླ་པ་བྱེད་བཞིན་པའི་ཧུའུ་ཆེ་གེ་མོས་110ཉེན་དོན་སྙན་སེང་ཐོན་ཁུངས་རྐང་བཙུགས་ནས་ཧམ་བཟུང་བྱས་ཐོག ཁ་པར་ལེན་མཁན་ཉེན་རྟོག་པར་དམའ་འབེབས་བཏང་བས་ཁོ་པ་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པ་རེད།

    ཟླ་བདུན་པ་ནས་བཟུང་། ཧུའུ་ཆེ་གེ་མོས་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་110ཉེན་དོན་སྙན་སེང་ཁ་པར་བཅུ་ཕྲག་བརྒྱབ་ནས་བསྙད་བསྐོས་པ་དང་། ལྷག་པར་དུ་ཟླ་8ཚེས་2ཉིན་གྱི་ཕྱི་དྲོ། ཧུའུ་ཆེ་གེ་མོས་སླར་ཡང་ཁ་པར་110བརྒྱབ་ནས་ཁ་པར་ལེན་མཁན་ཉེན་རྟོག་པར་ཁོ་པའི་ལག་ཐོགས་ཁ་པར་གྱི་འགྲོ་སོང་འཚོལ་བ་དང་ཆབས་ཅིག་རྒྱུགས་འབོར་གློད་དགོས་པའི་རེ་བ་བཏོན་པ་རེད། ཁ་པར་ལེན་མཁན་ཉེན་རྟོག་པས་ངང་རྒྱུད་རིང་པོའི་ངང་འགྲེལ་བཤད་བརྒྱབ་ཀྱང་ཁོས་རྩ་བ་ནས་མ་ཉན་པ་མ་ཟད། ད་དུང་ཁ་པར་ལེན་མཁན་ཉེན་རྟོག་པར་དམའ་འབེབས་བཏང་བ་རེད། ཁོ་པའི་རྣམ་འགྱུར་ངན་ཞིང་ཧམ་ཤེད་ཚ་ལ“འཇོན་ཐང་ཡོད་ན་ང་བཙལ་བར་ཤོག”ཅེས་པའི་སྐད་ཆ་ཡང་བརྗོད་ཡོད།

    ཟླ་8ཚེས་3ཉིན་གྱི་སྔ་དྲོ། བྲག་ཡིབ་ཆུས་བུ་ཆུ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་ཉིང་ལྷ་ལྕགས་ལམ་ཀྲུང་གོ་ལྕགས་ལམ་ཅུས་བཅུ་དགུ་པའི་ཨར་སྐྲུན་ལས་ཡུལ་དུ་ཁྲིམས་འགལ་བྱེད་སྤྱོད་སྤེལ་མཁན་ཧུའུ་ཆེ་གེ་མོ་བཟུང་ཐུབ་པ་རེད། འདྲི་རྩད་བྱས་པ་བརྒྱུད། ཧུའུ་ཆེ་གེ་མོས་ཁ་པར་110ཐེངས་མང་བརྒྱབ་ནས་མི་དམངས་ཉེན་རྟོག་པར་དམའ་འབེབས་བཏང་བ་དང་སྤྱི་བདེ་ལས་ཁུངས་ཀྱི་རྒྱུན་གཏན་ལས་སྒྲུབ་སྒྲིག་ལམ་ལ་གནོད་པའི་ཁྲིམས་འགལ་དོན་དངོས་ལ་ངོས་ལེན་ཞུས། མིག་སྔར། ཧུའུ་ཆེ་གེ་མོ་བྲག་ཡིབ་ཆུས་བུ་ཆུ་ཤང་མངགས་གཏོང་ཁང་གིས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་ཉིན་10བྱས་པ་རེད།

    གནས་ཚུལ་དེ་དང་བསྟུན་ནས། ཉིང་ཁྲི་ཉེན་རྟོག་ཕྱོགས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་དྲན་སྐུལ་ཞུ་རྒྱུ། དོན་མེད་རྐང་བཙུགས་ནས་110ཉེན་དོན་སྙན་སེང་ཁ་པར་བརྒྱབ་ན། སྤྱི་བདེ་ལས་ཁུངས་ཀྱི་རྒྱུན་གཏན་ལས་སྒྲུབ་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བ་མ་ཟད། ད་དུང་ཉེན་དོན་སྙན་སེང་གི་ཐད་འབྲེལ་ཁ་པར་ཡུན་རིང་བཟུང་བའི་དབང་གིས་དངོས་སུ་ཉེན་དོན་སྙན་སེང་ཞུ་མཁན་གྱི་ཁ་པར་མི་འགྲོ་བ་དང་ཉེན་དོན་ཐོན་ཁུངས་བཟུང་བའི་དབང་གིས་ཉེན་དོན་བདག་སྤྲོད་ལ་བཀག་འགོག་བཟོ་གི་ཡོད། དོན་མེད་རྐང་བཙུགས་ནས་ཁ་པར་110བརྒྱབ་པའི་ཁྲིམས་འགལ་བྱེད་སྤྱོད་དང་ཁ་པར་110བརྒྱབ་ནས་རྩེད་མོ་རྩེ་བ་དང་། སྤྱི་བདེ་ལས་ཁུངས་ཀྱི་ལས་སྒྲུབ་སྒྲིག་ལམ་ལ་གནོད་པ། སྤྱི་པའི་སྒྲིག་ལམ་མམ་ཡང་ན་ཉེན་དོན་རྫུན་ཞུ་སོགས་ཀྱི་བྱེད་སྤྱོད་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་དང་ཉེས་པ་བསགས་པའི་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།