[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱིས“བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུའི་ལས་གནས”བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    སྤྱི་ཚོགས་ཡོངས་ཀྱི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་བུད་མེད་དང་བྱིས་པར་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི“བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལས་གནས”ཨང་བཞི་པ་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་སུ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།

    ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུའི་ལས་གནས”ཀྱི་ལས་སྟེགས་བཙུགས་པ་གོ་སྐབས་སུ་བྱས་ནས། བུད་མེད་མཉམ་འབྲེལ་རྩ་འཛུགས་དང་དེ་བས་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། བུད་མེད་དང་བྱིས་པས་འཕྲིན་ཡིག་བསྐུར་བ་དང་བཅར་འདྲིར་ཡོང་བར་སྣེ་ལེན་ཡག་པོ་ཞུས་ནས་བུད་མེད་དང་བྱིས་པ་དང་འབྲེལ་བའི་ཁེ་དབང་སྲུང་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ཧུར་ཐག་བྱས་ནས་རྒྱ་ཆེའི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ་དང་། བུད་མེད་དང་བྱིས་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་བ་དང་སྔོན་འགོག་བྱས་ནས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལ་ཞབས་འདེགས་ཞུས་ཏེ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་ཁྱིམ་ཚང་འཆམ་མཐུན་ཡོང་བར་སྐུལ་མ་གཏོང་རྒྱུར་ཐབས་ལམ་ནུས་ལྡན་ཞིག་མཁོ་འདོན་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།