[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ཀྱི་གྲོང་ཁྱེར་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་གྱི་ས་གནས་ས་ཐོག་གི་སྐུལ་འདེད་ཚོགས་འདུ་ཉིང་ཁྲིར་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    ཉེ་དུས། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ཉིང་ཁྲི་གྲོང་ཁྱེར་དུ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་གྱི་ས་གནས་ས་ཐོག་གི་སྐུལ་འདེད་ཚོགས་འདུ་འཚོགས་པ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས“འགྲིམ་འགྲུལ་ཤར་གཏོང”ཐུབ་པ་དང་། གྲོང་ཁྱེར་འགྲིམ་འགྲུལ་གྱི“མཁོ་སྤྲོད་ཕྱོགས”དང“དགོས་མཁོའི”འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པ་དང་། དཀའ་གནད་བསལ་ནས“འགྲིམ་འགྲུལ་སྟབས་བདེ”ཡོང་བར་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་ནས་ལམ་འགག་ཁུལ་དུ་རིགས་དབྱེའི་བྱེད་ཐབས་སྤྱོད་རྒྱུར་དམ་འཛིན་བྱེད་དགོས། ཚན་རྩལ་གྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས“རིག་ལྡན་འགྲིམ་འགྲུལ་གྱི་ནུས་པ”མངོན་གསལ་དོད་པོ་ཡོང་བར་བྱས་ཏེ “གྲངས་གཞིའི་ཞིབ་འཇུག་བརྡར་གཅོད་དང་འགྲིམ་འགྲུལ་ལེགས་གཏོང”ཟུང་འབྲེལ་དང་། “གྲངས་གཞིའི་ཞིབ་འཇུག་བརྡར་གཅོད་དང་བརྡ་རྟགས་ཚོད་འཛིན”ཟུང་འབྲེལ། “གྲངས་གཞིའི་ཞིབ་འཇུག་བརྡར་གཅོད་དང་འགྲོ་སྐྱོད་ཁྲིད་སྟོན”ཟུང་འབྲེལ་བཅས་ཀྱི་རྣམ་པ་རིམ་བཞིན་ཆགས་པར་བྱེད་དགོས། ཆེད་ལས་འགྲིམ་འགྲུལ་དོ་དམ་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་གྱི་གཞུང་ལམ“ཚགས་ཚུད་དང་། གནད་འཁེལ། སྤུས་དག”བཅས་ཀྱི་དོ་དམ་ཚད་གཞི་དོན་འཁྱོལ་ནན་པོ་བྱེད་པ་དང་། “ལྷུ་ཚིགས་ཆེན་པོ་གསུམ”སྤྱི་འདོམས་བྱེད་པ། གྲོང་ཁུལ་གྱི་རླངས་འཁོར་འཇོག་སར་སྒྲིག་ལམ་ལྡན་པའི་སྒོ་ནས་དོ་དམ་བྱེད་པ། འགྲིམ་འགྲུལ་ཁྲིམས་འགལ་ཚབས་ཆེན་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པ་བཅས་བྱས་ཏེ་གྲོང་ཁྱེར་གྱི་འགྲིམ་འགྲུལ་དོ་དམ་བྱེད་དཀའ་བའི་གནད་དོན་སེལ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

    ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི་བཅས་ཀྱི་ཚོགས་ཞུགས་འཐུས་མིས་ཚོགས་འདུའི་ཐོག་སྤེལ་རེས་གཏམ་བཤད་བྱས་ཤིང་། ཚོགས་ཞུགས་འཐུས་མིས་ད་དུང་ཉིང་ཁྲི་གྲོང་ཁྱེར་གྱི་གཞུང་ལམ་འགྲིམ་འགྲུལ་ལེགས་སུ་བཏང་བའི་ཉམས་མྱོང་དང་བྱེད་སྟངས་ལ་ལྟ་སྦྱོང་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།