[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་གིས“ནག་སེལ་གཤེད་བཅོམ”གྱི་ལས་དོན་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    “ནག་སེལ་གཤེད་བཅོམ”གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་རང་སྐྱོང་ལྗོངས་དང་གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ནག་ཆུ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་སྡོད་ས་ཚིགས་ཀྱི་དོན་དངོས་དང་བསྟུན་ནས་ཆེད་དོན་བཅོས་སྒྲིག་དང་། མ་ལག་བཅོས་སྒྲིག ཕྱོགས་བསྡུས་བཅོས་སྒྲིག ཁྲིམས་བཞིན་བཅོས་སྒྲིག འབྱུང་རྩ་ནས་བཅོས་སྒྲིག་བཅས་ཀྱི་ཇུས་གཞི་བཟོས་ནས་དུས་བདེའི་གྲོང་ཚོ(གྲོང་ལྷན)བསྐྲུན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཅས་ལ་རྨང་གཞི་བཟང་པོ་བཏིངས་ཡོད།

    འགན་འཁྲི་ཁ་གསལ་བཟོས་ནས་ལས་ཕྱོད་ཆེ་རུ་བཏང་བ། འབྲི་རུ་རྫོང་འབྲི་རུ་གྲོང་རྡལ་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ(གྲོང་ལྷན)ཁག་ཏུ“ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས”ཀྱི་ཆེད་དོན་འཐབ་རྩོད་དྲིལ་བསྒྲགས་བྱེད་སྒོའི་ལས་དོན་ཧུར་ཐག་སྤེལ་ཏེ། མང་ཚོགས་ལ་ནག་སེལ་གཤེད་བཅོམ་གྱི་གནོད་འཚེ་དྲིལ་བསྒྲགས་བྱས་པ་དང་ནག་སེལ་གཤེད་བཅོམ་གྱི་དྲིལ་བསྒྲགས་སློབ་གསོ་ཕྱོགས་ཡོངས་ནས་གཞི་རིམ་དུ་ཁྱབ་གདལ་བཏང་ནས་མང་ཚོགས་ཆེད་དོན་འཐབ་རྩོད་ལ་ཧུར་ཐག་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱས་ཡོད། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བྱས་ཏེ་གྲོང་ཚོ(གྲོང་ལྷན)ཁག་གིས་འགན་འཁྲི་གཙང་སྒྲུབ་དང་ལས་དོན་ཁག་ཡག་པོ་བསྒྲུབ་པར་གཞོགས་འདེགས་ཧུར་ཐག་བྱས་ནས་མིག་མངས་འགྲིག་སྐོར་གཅིག་གི་བསམ་བློ་བརྟན་དུ་བཏང་ཡོད། དྲིལ་བསྒྲགས་ཀྱི་ཕན་འབྲས་ཟབ་གཏོང་དང་། དྲིལ་བསྒྲགས་བྱ་ཐབས་གསར་གཏོད། མང་ཚོགས་ཀྱི་སེམས་ཁྲལ་སེལ་བ། མང་ཚོགས་སྐུལ་སློང་བྱས་ནས་ཐེར་འདོན་དགག་རྒྱག་ཧུར་ཐག་བྱེད་པ་བཅས་ཀྱི་སྒོ་ནས་སྤུས་ཚད་མཐོ་བའི་ནག་གཤེད་ཉེས་གསོག་གི་ཁུངས་སྣེ་མཁོ་འདོན་བྱས་པ། རྩ་འཛུགས་ཀྱི་སྒྲིག་འཛུགས་དང་རྩ་འཛུགས་ཀྱི་སྒྲོམ་གཞི་དང་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་རྩིས་ཐོ་འཐུས་སྒོ་ཚང་དུ་བཏང་ནས་རིགས་ཁག་གི་ལམ་སྲོལ་འཁོར་རྒྱུག་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད།

    སྒྲོག་འགྲེལ་ཧུར་ཐག་བྱས་ནས་ལས་ཀར་ཕན་འབྲས་ཐོབ་པའི་འགན་ལེན་བྱས་པ། གྲོང་སྡོད་ལས་དོན་རུ་ཁག་གིས་ངལ་གསོའི་དུས་ཚོད་ལ་མང་ཚོགས་སྒྲིག་འཛུགས་བྱས་ནས“ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས”ཀྱི་ཆེད་དོན་འཐབ་རྩོད་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད། ལྷ་རི་རྫོང་ཤར་མ་ཤང་གི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ལ་གཞོགས་འདེགས་བྱས་ནས་གཞིས་ལུས་པ་200ལྷག་ཙམ་བསྐོངས་ནས་ནག་སེལ་གཤེད་བཅོམ་དང་། ལོག་སེལ་ཟིང་བཅོས། འཆལ་རྡུང་ལོག་སེལ་བཅས་ཀྱི་ལས་དོན་སྐོར་གཡེང་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་འབྲེལ་དྲིལ་བསྒྲགས་ཤོག་བྱང་200ལྷག་ཙམ་སྤྲད་པ་དང་། འཕྲེད་ཡིག་1བཀལ་བ། རྒྱ་ཁྱབ་བརྡ་སྦྱོར་60ལྷག་ཙམ་སྦྱར་ཡོད། བྱེ་ཁྲའི་འབུར་དཀར་གྲོང་ཚོར་བཅའ་སྡོད་ཨ་མདོ་རྫོང་བྱང་མར་གྲོང་རྡལ་མི་དམངས་སྲིད་གཞུང་གི་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མངགས་གཏོང་ཁང་གི་ལས་བྱེད་པ་དང་མི་དམངས་ཉེན་རྟོག་པ་དང་མཉམ་དུ“ནག་སེལ་གཤེད་བཅོམ་དང་། ལོག་སེལ་ཟིང་བཅོས། འཆལ་རྡུང་ལོག་སེལ”བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཡོད། གཅིག་གཏད་གཅིག་གི་ཤེས་རྟོགས་གཱ་100ལྷག་ཙམ་དང་དྲིལ་བསྒྲགས་དཔྱད་གཞི་90ལྷག་ཙམ་སྤྲད་པ་དང་། རྒྱ་ཁྱབ་བརྡ་སྦྱོར་8སྦྱར་བ། བློ་འདྲི་བྱེད་མཁན་མང་ཚོགས་མི་ཐེངས་50ལྷག་ཙམ་ཟིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།