[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྙན་རོང་རྫོང་དུ་ནག་སེལ་གཤེད་བཅོམ་གྱི་སྲིད་ཇུས་དང་རིཌ་པའི་གཞུང་ལུཌ་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱ་ཆེད། ཉེ་ཆར། སྙན་རོང་རྫོང་གིས་ནག་སེལ་གཤེད་བཅོམ་གྱི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་ཚ་རླབས་ཤིག་སླར་ཡང་འཕྱུར་བར་བྱས་པ་རེད།

    “སློབ་སྦྱོང་བྱེད་སྒོའི་དམིགས་ཡུལ་གཙོ་བོ་ནི་རྫོང་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་སྐུལ་སློང་བྱས་ནས་ད་ཐེངས་ཀྱི་སློབ་སྦྱོང་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་ནག་སེལ་གཤེད་བཅོམ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། རིམ་ཁག་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་ཚོགས་འདུ་དང་རིམ་ཁག་འགོ་ཁྲིད་ཀྱི་གསུང་བཤད་ཀྱི་དགོངས་དོན་གོ་བ་གཏིང་ཟབ་ལེན་པ། སློབ་སྦྱོང་དཔྱིས་ཕྱིན་པ་བྱེད་པ། ནག་སེལ་གཤེད་བཅོམ་གྱི་འབྲེལ་ཡོད་སྲིད་ཇུས་གསལ་འགྲེལ་དང་སྲ་བརྟན་དུ་གཏོང་བ་བཅས་ཀྱི་སྒོ་ནས་ནག་སེལ་གཤེད་བཅོམ་གྱི་ནུས་པ་སྔར་བས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད”ཅེས་སྙན་རོང་རྫོང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཀྲ་ཤིས་བསམ་གྲུབ་ཀྱིས་བརྗོད་། ཁོང་གིས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་ཀྱིས་གཏན་འཁེལ་བྱས་པའི་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་ལས་དོན་གྱི་བླང་བྱ་དང་་གཅིག་གྱུར་ཡོང་བ་བྱས་ནས་དགོས་གཏུགས་ཀྱི་བསམ་པ་དང་། ལས་འགན་སྒྲུབ་སེམས། འགན་འཁྲི་འཁུར་སེམས་བཅས་ཏན་ཏིག་ངང་ཆེ་རུ་བཏང་སྟེ།“ནག་གཤེད་ཡོད་ན་སེལ་བ་དང་ཟང་ཟིང་ཡོད་ན་བཅོས་པའི”དམིགས་ཚད་ཀྱི་བླང་བྱ་དོན་ཐོག་ཏུ་ཡག་པོ་འཁྱོལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།