[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • “འགོ་ནད་འགོག་བཅོས་ཀྱི་དམིགས་བསལ་གསོ་སྐྱོང་རིགས་གཅིག་མཁས་ཅན་བོད་དུ་ཞབས་འདེགས་ཞུ་བར་སྐྱོད་པའི”བྱེད་སྒོ་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    ཚེས་2ཉིན་གྱི་སྔ་དྲོ། “འགོ་ནད་འགོག་བཅོས་ཀྱི་དམིགས་བསལ་གསོ་སྐྱོང་རིགས་གཅིག་མཁས་ཅན་བོད་དུ་ཞབས་འདེགས་ཞུ་བར་སྐྱོད་པའི”བྱེད་སྒོ་རབ་དང་རིམ་པའི་འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་པ་རེད། ལྗོངས་ཕྱི་ནང་གི་འགོ་ནད་འགོག་བཅོས་ཁྱབ་ཁོངས་ཀྱི་མཐོ་རིམ་རིགས་གཅིག་མཁས་ཅན་15ལྷ་སར་འཛོམས་ནས་བོད་ཀྱི་འགོ་ནད་འགོག་བཅོས་ཀྱི་ཆེད་ལས་ལག་རྩལ་མི་སྣ་དང་དོ་དམ་མི་སྣ་འགར་ཉམས་མྱོང་བརྒྱུད་སྤྲོད་དང་ལས་དོན་ལ་མཛུབ་ཁྲིད་བྱས་པ་རེད།

    འགོ་ཚུགས་མཛད་སྒོའི་ཐོག རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་ཏང་ཙུའི་ཁོངས་མི་སྐོར་ཞིབ་པ་ལིའུ་ལི་ཡིས་དམིགས་བསལ་གསོ་སྐྱོང་རིགས་གཅིག་མཁས་ཅན་ཞབས་ཞུ་ཚོགས་པའི་འཐུས་མིར་དར་ཆ་སྤྲད་པ་རེད། རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་བྲང་ཁོག་ཚན་ཁག་སྨན་ཁང་གི་དགེ་རྒན་ཆེ་མོ་བ་ཧོའུ་ཏའེ་ལུན་གྱིས། ཐེངས་འདིའི་རིགས་གཅིག་མཁས་ཅན་ཞབས་ཞུ་ཚོགས་པའི་བྱེད་སྒོའི་སྒྲུབ་འགན་ཁུར་བའི་ཚན་པ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར《འདུས་འདྲིལ་གཅོང་ནད་ཀྱི་བརྙན་པར་རིག་པའི》དེབ་གཅིག་གནང་བ་རེད། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། དེ་བཞིན་རྫོང(ཆུས)བཅས་རིམ་པ་གསུམ་གྱི་འཕྲོད་བསྟེན་སྒྲིག་གཞིའི་འབྲེལ་ཡོད་ཆེད་ལས་ལག་རྩལ་མི་སྣ་100ལྷག་ཙམ་གྱིས་འབྲེལ་ཡོད《འདུས་འདྲིལ་གཅོང་ནད་ཀྱི་བརྙན་པར་རིག་པའི་ནད་བརྟག་རྨང་གཞི་དང་དབྱེ་འབྱེད》ཀྱི་ཆེད་དོན་འཆད་ཁྲིད་ལ་ནན་ཏན་ངང་ཉན་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། “འགོ་ནད་འགོག་བཅོས་ཀྱི་དམིགས་བསལ་གསོ་སྐྱོང་རིགས་གཅིག་མཁས་ཅན་ཁག་གསུམ་པ་བོད་དུ་ཞབས་འདེགས་ཞུ་བར་སྐྱོད་པའི”བྱེད་སྒོ་སྐབས་དང་པོ་དེ་ཁག་དབྱེ་ནས་སྤེལ་རྒྱུ་ཡིན་པ་དང་། གཙོ་བོ་ལྷ་ས་དང་། ཉིང་ཁྲི། མངའ་རིས་བཅས་(གྲོང་ཁྱེར)ས་ཁུལ་གསུམ་དུ་ཆེད་དོན་སློབ་ཁྲིད་དང་། ས་གནས་ས་ཐོག་ཏུ་མཛུབ་ཁྲིད། འོས་འགན་སྨན་བཅོས་ཞབས་ཞུ་སོགས་འབྲེལ་ཡོད་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་སྔོན་དཔག་བྱས་ན་ཆེད་ལས་ལག་རྩལ་མི་སྣ་260ལྷག་ཙམ་ལ་ཕན་ཐོགས་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།