[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྨན་གླིང་རྫོང་ཁྲིམས་ཁང་གིས“མན་ངག་བཞི”ཡིས་འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་ཤུཌ་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    འདི་ལོ་ནས་བཟུང་། སྨན་གླིང་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་ལག་བསྟར་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལས་ཀའི་བསམ་ཕྱོགས་རྒྱུན་ཆད་མེད་པར་གསར་གཏོད་དང“སྔ་ཙམ། ཟབ་མོ། ཞིབ་ཚགས་པ། ནན་པོ”བཅས་མཐའ་འཁྱོངས་བྱས་ཏེ་འདྲི་གཅོད་ལག་བསྟར་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་བ་རེད།

    “ཇུས་འགོད་སྔ་ཙམ་བྱས་པ”ལོ་སྟོད་དུ་འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་འཆར་གཞི་བཟོས་པས་ཡོན་ཀྲང་གིས་སྣེ་ཁྲིད་ནས་དམ་འཛིན་བྱེད་པ་དང་། སྡེ་ཚན་ཐུན་མོང་ཐོག་ཞུགས་པ། ཁང་ཡོངས་ཀྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པའི་རྣམ་པ་བཟང་པོ་ཆགས་ཡོད།

    “དབྱེ་ཞིབ་ཟབ་མོ་བྱས་པ”དུས་བཀག་ནང་འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་ལ་དབྱེ་ཞིབ་བྱེད་པའི་ཚོགས་འདུ་འཚོགས་ཏེ་གློག་རྡུལ་ཡིག་སྒྲིལ་བཟོ་ཚད་དང་གྱོད་ཐག་གཅོད་པའི་དོ་སྙོམས་ཀྱི་ཚད་གཞི་སོགས་ཀྱི་དམིགས་ཚད་ལ་དབྱེ་ཞིབ་བྱས་ཏེ་འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་ལ་ལྷག་པའི་ཐུན་མོང་རང་བཞིན་དང་བྱེ་བྲག་རང་བཞིན་གྱི་གནད་དོན་དང་དེ་བཞིན་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་འབྲེལ། དམིགས་སའི་རང་བཞིན་གྱི་སྒོ་ནས་ཉམས་ཞན་དམིགས་ཚད་ཀྱི་སྐར་གྲངས་མཐོ་རུ་གཏོང་བའི་གྲོས་འགོ་དང་བསམ་འཆར་ཡང་བཏོན་པ་རེད།

    “བྱེད་ཐབས་ཞིབ་ཚགས་པ”ལག་བསྟར་ཇུས་གཞི་བཟོས་ཏེ་ཕྱོགས་ཡོངས་ནས་རྙོག་འཛིང་དང་སྟབས་བདེ་ཁག་བགོས་བྱས་པས“སྟབས་བདེའི་གྱོད་གཞི་འདྲི་གཅོད་མགྱོགས་པ་དང་རྙོག་འཛིང་ཆེ་བའི་གྱོད་གཞི་འདྲི་གཅོད་ཞིབ་ཚགས”ཐུབ་པ་བྱུང་ཡོད། “ཐག་གཅོད་བྱེད་དཀའ་བའི”གྱོད་གཞིར་དམིགས་ཏེ་ཞིབ་ཚགས་ཅན་གྱི་དོ་དམ་ལག་བསྟར་བྱས་ནས་གྱོད་སྒྲུབ་ཁྲིམས་དཔོན་གྱིས་གྱོད་གཞི་ཐག་གཅོད་ཀྱི་ཇུས་གཞི་བཟོ་བ་དང་། སྡེ་ཚན་གྱི་འགན་འཁུར་བས་ཕྱོགས་བསྡུས་ཚོད་འཛིན་དང་སྟངས་འཛིན་བྱེད་པ། འདྲི་གཅོད་དོ་དམ་གཞུང་དོན་ཁང་གིས་ཕྱོགས་ཡོངས་ནས་སྐུལ་མ་གཏོང་བ་བཅས་ཀྱི་ལམ་སྲོལ་བཙུགས་པ་དང་འབྲེལ། ལས་རྗེས་དཔྱད་ཞིབ་ནང་བཅུག་ཡོད་པ་རེད།

    “བྱ་དགའ་དང་ཆད་གཅོད་ནན་པ”དམིགས་ཚད་ལས་རྗེས་ཀྱི་ཧེ་བག་ཅན་གྱི་དཔྱད་ཞིབ་ཇུས་གཞི་དང་སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་གི་བྱ་དགའ་དང་ཆད་གཅོད་ཀྱི་དོ་དམ་བྱེད་ཐབས་བཟོས་པ། ལས་རྗེས་དཔྱད་ཞིབ་ཀྱི་བྱ་དགའ་དང་ཆད་གཅོད་ཀྱི་རྣམ་གྲངས་ཁ་གསལ་བཟོས་པ། བྱ་དགའ་དང་ཆད་གཅོད་ཀྱི་གཏན་འབེབས་ནན་དུ་བཏང་བ་བཅས་བྱས་ཏེ་ལས་ཀའི་གསོན་ཤུགས་འཕེལ་བར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།