[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།

    ལས་གནས་སུ་ཡོད་པའི་ཏང་ཡོན་སྡེ་ཁུལ་དུ་བསྐྱོད་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་དང་བླངས་པ་བྱེད་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་མི་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་འདབ་རྒྱས་ཁྲོམ་གཞུང་སྡེ་ཁུལ་གྲོང་ལྷན་དུ་བསྐྱོད་དེ། ཏང་ཡོན་སྡེ་ཁུལ་དུ་བསྐྱོད་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་དང་བླངས་པ་བྱེད་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་བྱ་སྤྱོད་དངོས་ལ་བརྟེན་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བསྟར་རྒྱུ་དེ་རེད།

    བྱེད་སྒོའི་ཁྲོད། སྒྲོག་འགྲེལ་ཁྲིམས་དཔོན་གྱིས་ཉེ་འགྲམ་ནས་ཐོན་པའི་རྐང་བཙུགས་ནས་མི་གསོད་པ་དང་། རྐང་བཙུགས་ནས་གནོད་འཚེ་བཟོ་བའི་གྱོད་གཞི་སོགས་གྱོད་གཞི་དངོས་དང་། ཉེས་པ་གཏན་འཁེལ་གྱིས་ཆད་པ་གཅོད་པ། ཉེས་དོན་ཞོར་གྱི་དམངས་དོན་སྐྱིན་གསབ་སོགས་བཅའ་ཁྲིམས་ཀྱི་དོན་ཚན་ནས་འགོ་བཙུགས་པ་དང་། མང་ཚོགས་འགའ་ཞིག་གིས་གྱོད་གཞིའི་ཉེས་པ་གཏན་འཁེལ་གྱིས་ཆད་པ་གཅོད་པའི་ཐད་ཀྱི་ནོར་འཁྲུལ་དོན་ལ་འབབ་སར་བརྩིས་ནས་ཉེས་གསོག་གི་རིགས་དང་། ཉེས་དོན་འགན་ཁུར་ལོ་ཚད། ཉེས་གསོག་བྱེད་ཐབས། རང་ཉེས་ངོས་ལེན་དང་རང་ཉེས་འགྱོད་བཤགས་བྱེད་པའི་གནས་ཚུལ་སོགས་རྒྱུ་རྐྱེན་མི་གཅིག་པ་ལས་བྱུང་བའི་བཅའ་ཁྲིམས་ཀྱི་མཇུག་འབྲས་དང་ཉེས་པ་གཏན་འཁེལ་གྱིས་ཆད་པ་གཅོད་པ་བཅས་ལ་འགྲེལ་བཤད་ཞིབ་ཕྲ་བྱས་ཏེ། གྱོད་གཞིའི་ཉེས་པ་གཏན་འཁེལ་གྱིས་ཆད་པ་གཅོད་པའི་མཇུག་འབྲས་ཐད་ཀྱི་མང་ཚོགས་ཀྱི་ནོར་འཁྲུལ་ཧུར་ཐག་ངང་བསལ་བ་དང་། རྒྱ་ཆེའི་མང་ཚོགས་ཚོས་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་རྟོགས་དང་། ཁྲུན་ཐག་བཅད་པའི་མཇུག་འབྲས་ལ་མོས་མཐུན་བྱེད་པ། བཅའ་ཁྲིམས་ཀྱི་འོས་འགན་ལག་བསྟར་བྱེད་པ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་རང་རྟོགས་ཀྱིས་ཁྲིམས་སྲུང་བ་དང་། ཁྲིམས་ལྟར་ལས་དོན་སྤེལ་བ། གནས་ཚུལ་ཐོན་ཚེ་ཁྲིམས་ལ་བརྟེན་པ། གནད་དོན་ཐག་གཅོད་བྱེད་དུས་ཁྲིམས་སྤྱོད་པ། འགལ་ཟླ་འདུམ་འགྲིག་བྱེད་དུས་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་གི་རྣམ་པ་ཡག་པོ་ཆགས་པར་ཁྲིད་སྟོན་བྱས་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།