[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གཞོན་ནུ་ལོ་ཆུང་50ལྷག་ཙམ་གྱིས།

    ཉེན་རྟོག་པའི་ལོ་རྒྱུས་ཁང་དུ་བསྐྱོད་ནས་གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱིས་གཞོན་ནུ་ལོ་ཆུང་50ལྷག་ཙམ་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེན་རྟོག་པའི་ལོ་རྒྱུས་ཁང་དུ་སྤྱི་བདེའི་ལོ་རྒྱུས་ཉན་པ་དང་ཉེན་སྒར་རིག་གནས་ཉམས་སུ་མྱངས་ཤིང་། བདེ་འཇགས་ཤེས་བྱ་སྦྱངས་ཏེ་གུང་གསེང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སྤྱི་ཚོགས་ལག་ལེན་བྱེད་སྒོ་སྤེལ་བ་རེད།

    ཕྲུ་གུ་ཚོས་པར་རིས་དང་། ཅ་དངོས། བྱེ་གཞོང་སོགས་ལ་བརྟེན་ནས་ལྷ་སའི་སྤྱི་བདེའི་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་དཀའ་སྤྱད་འབད་བརྩོན་གྱི་རྣམ་པ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་པ་རེད། ལྟ་སྐོར་བྱེད་རིང་། སློབ་གྲོགས་ཚོས་འགྲེལ་བཤད་ཞིབ་ཏུ་ཉན་པ་དང་ཟིན་བྲིས་ནན་ཏན་ངང་བརྒྱབ་ནས་ལྷ་སའི་སྤྱི་བདེའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་སྔར་བས་རྒྱུས་མངའ་ཟབ་མོ་ལོན་པ་དང་སྦྲགས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཁྲིམས་སྐྱོང་སློབ་གསོའི་བག་ཆགས་ཐེབས་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།