[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-30

    zengfg97269.jpg

    ཉེ་ཆར། སྦྲ་ཆེན་རྫོང་སྤྱི་བདེ་ཅུས་རྫ་སྲིབ་གྲོང་རྡལ་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྫ་སྲིབ་གྲོང་རྡལ་གྱི་མི་འབོར་འདུ་འཛོམས་ཆེ་བའི་ས་ཆར་གློག་འཕྲིན་གྱི་ཁ་བསླུས་རིགས་48ལ་འགོག་ཟོན་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་འབྲེལ། ཁོངས་གཏོགས་ཁུལ་གྱི་གྲོང་ཚོ“ཨུ་ལྷན་གཉིས”དང《སྦྲ་ཆེན་རྫོང་གིས་དྲ་རྒྱའི་རྣམ་པ་གསར་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་འགན་འཁྲིའི་ཡི་གེ》བཞག་ཡོད། བྱེད་སྒོ་སྤེལ་རིང། མི་དམངས་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་དྲིལ་བསྒྲགས་དཔྱད་གཞིར་འགྲེལ་བཤད་རྒྱག་པ་དང་སྤྲོད་པའི་བྱ་ཐབས་བརྒྱུད། ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་གང་འདྲ་བྱས་ནས་གློག་འཕྲིན་གྱི་ཁ་བསླུས་རིགས་48ལ་འགོག་ཟོན་བྱེད་དགོས་པ་དང་གློག་འཕྲིན་གྱི་ཁ་བསླུས་འགོག་ཟོན་བྱེད་པར“ཐམས་ཅད་དྲུག”དང་གློག་འཕྲིན་གྱི་ཁ་བསླུས་འགོག་ཟོན་བྱེད་པའི“ཡིན་ཕྱིན་བཅུ་བཞི”འགྲེལ་བཤད་བརྒྱབ་པ་དང་། མང་ཚོགས་ལ་གློག་འཕྲིན་ཁ་བསླུས་ཀྱི་གནོད་འཚེ་དང་གང་འདྲ་བྱས་ནས་འགོག་ཟོན་ནུས་ལྡན་བྱེད་དགོས་མིན་དྲན་སྐུལ་བྱས་ཤིང་། འདི་ནི་སྦྲ་ཆེན་རྫོང་སྤྱི་བདེ་ཅུས་རྫ་སྲིབ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གློག་འཕྲིན་གྱི་ཁ་བསླུས་འགོག་ཟོན་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།