[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་ཁྲིམས་ཁང་གིས་གྲོང་ཚོར་བཅའ་ཁྲིམས་ཤེས་བྱ་སྒྲོག་འགྲེལ་བྱས་ནས་དབུལ་སྒྲོལ་བྱེད་རོགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-19

    ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་སྐྲུན་པ་དང་། རྒྱ་ཆེའི་གཞི་རིམ་གྱི་ལས་བྱེད་མང་ཚོགས་ཀྱི་ཁྲིམས་སྐྱོང་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ། གཞི་རིམ་ལས་བྱེད་མང་ཚོགས་ཀྱི་ཁྲིམས་སྐྱོང་བསམ་པ་དང་ཁྲིམས་སྐྱོང་བྱེད་ཐབས་གཏོད་པ་བཅས་བྱ་ཆེད། ཉེ་ཆར་ལྷོ་ཁ་གྲོང་ཁྱེར་ཁྲིམས་ཁང་གིས“གྲོང་ཚོར་བཅའ་ཁྲིམས་ཤེས་བྱ་སྒྲོག་འགྲེལ་བྱས་ནས་དབུལ་སྒྲོལ་བྱེད་རོགས་དང་ནག་སེལ་གཤེད་བཅོམ”གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།

    ཟླ་བ་གཉིས་ཀྱི་དུས་ཚོད་སྤྱད་དེ་གྲོང་ཁྱེར་དེ་ཡོངས་ཀྱི་ཁྲིམས་ཁང་སྒྲིག་འཛུགས་ཀྱིས་གཞི་རིམ་དུ་བསྐྱོད་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་ཁྲིམས་སྲོལ་དང“ནག་སེལ་གཤེད་བཅོམ”གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་རིགས་21གཙོ་གནད་དུ་སྒྲོག་འགྲེལ་བྱས་ཏེ་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་ནས། གྲོང་གསེབ་བཅོས་སྒྲིག་དང་། དབུལ་སྒྲོལ་འགག་སྒྲོལ། “ནག་སེལ་གཤེད་བཅོམ”གྱི་ཆེད་དོན་འཐབ་རྩོད་བཅས་ལ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་རྩིས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།