[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གདང་ལར་མཐུན་སྒྲིལ་མེ་ཏོག་རྣམ་པར་བཞད།

    —— ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སྤྱི་བདེ་ཅུས་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-16

    ཨ་མདོ་རྫོང་ནི་ཤིན་ཅང་དང་མཚོ་སྔོན་གྱི་འབྲེལ་མཚམས་ཡིན་པ་དང་། བོད་དུ་བསྐྱོད་པའི་རྒྱལ་ལམ་109ལམ་ཐིག་དང་འབྲེལ་ཞིང་། སྔར་ནས་ད་བར་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་མང་པོ་འདུས་སྡོད་ཁུལ་ཞིག་རེད། ཨ་མདོ་རྫོང་སྤྱི་བདེ་ཅུས་ཀྱིས་དྲིལ་བསྒྲགས་ནས་འགོ་བཙུགས་ཏེ་མི་རིགས་མཉམ་འདྲེས་སྤེལ་རེས་ཀྱི་བསམ་བློ་ཕར་འགྲོ་ཚུར་འོང་བྱེད་མཁན་མི་རིགས་ཁག་གི་མང་ཚོགས་ལ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཡོད། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དང་། སྤྱི་བདེ་ཞིབ་བཤེར་ས་ཚིགས། ལམ་རྒྱུད་མངགས་གཏོང་ཁང་སོགས་ཀྱི་སྡེ་ཚན་བརྒྱུད་ཨ་མདོ་རྫོང་སྤྱི་བདེ་ཅུས་ཀྱིས་རང་འགུལ་ངང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བརྒྱབ་པ་དང་། སྤྱི་བདེ་ལས་ཁུངས་ཀྱི་བཅའ་སྡོད་ས་ཚིགས་ཁག་ཏུ་མི་རིགས་ཁག་སྤེལ་རེས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ས་ཚིགས་དང་འབྲེལ་མཐུད་ས་ཚིགས་བསྐྲུན་ཡོད།

    ཅུས་དེས་རྒྱལ་ལམ་109པ་བོད་དུ་བསྐྱོད་པའི་ལམ་ཨ་མ་ཡིན་པར་གཞི་ཚུགས་ནས་ཞིབ་བཤེར་ས་ཚིགས་དང་དམངས་ཕན་ཉེན་དོན་ས་ཚིགས་ཁག་ལས་སྟེགས་སུ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་གར་སྟེགས་ཆེ་མོ་ཧུར་ཐག་བཏོད་ཡོད། བྲག་མུག་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་དང་། “3433”ཞིབ་བཤེར་ས་ཚིགས་དང་ལམ་རྒྱུད་མངགས་གཏོང་ཁང་། དམངས་ཕན་ཉེན་དོན་ས་ཚིགས་བཅས་སུ་དམངས་བདེ་དམངས་ཕན་ཞབས་ཞུའི་ཁུལ་བཙུགས་པ་དང་། ཕར་འགྲོ་ཚུར་འོང་བྱེད་མཁན་མི་རིགས་ཁག་གི་མང་ཚོགས་ལ་སྨན་རྫས་དང་། ཟས་རིགས་དང་། ཆུ་འཁོལ་སྐྱེལ་བ་དང་ཁོང་ཚོར་སྐད་སྒྱུར་བྱེད་ཀྱི་ཡོད། 2018ལོ་ཁོ་ནར་སྤྱི་བདེ་ཞིབ་བཤེར་ས་ཚིགས་གཉིས་ཀྱི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་རང་འགུལ་ངང་སྐད་སྒྱུར་ཐེངས་20ལྷག་ཙམ་བྱས་ཏེ་འགལ་ཟླ་དང་རྩོད་གཞི་མང་པོ་ཞིག་བསལ་བ་རེད།

    མང་ཚོགས་ལ་དཀའ་ངལ་ཡོད་ཚེ་རྟག་ཏུ་སྤྱི་བདེའི་མི་དམངས་ཉེན་རྟོག་པས་རོགས་རམ་བྱེད་ཅིང་། 2015ལོའི་ཟླ་6པར་ཅང་ཤིས་དབྱི་ཁྲུན་གྲོང་ཁྱེར་གྱི་ཡུལ་སྐོར་བ་8ཁོ་ཁོ་ཤིས་རིའི་མི་མེད་ཁུལ་དུ་ལུས་པ་དང་། རླངས་འཁོར་གསུམ་ཀ་ཆུའི་ནང་དིམ་སྟེ་དྲག་ཏུ་རྒྱུག་པའི་ཆུ་བོས་རླངས་འཁོར་འཁྱེར་ཉེར་ཡོད་པ་རེད། དེ་བས་ཉེན་ཁ་ཆེ་བ་ནི་ཁོང་ཚོའི་ཟས་རིགས་དང་འཐུང་ཆུ་ཚང་མ་རྫོགས། ཉེན་དོན་སྙན་སེང་འབྱོར་རྗེས་ཨ་མདོ་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་བློ་བཟང་རྒྱ་མཚོས་མི་དམངས་ཉེན་རྟོག་པ་བཞི་ཁྲིད་དེ་སྤྱི་ལེ་400ལྷག་ཙམ་གྱི་སར་བསྐྱོད་ནས་ཉིན་མཚན་གསུམ་བསྟུད་མར་འབད་ཐབས་བྱས་ཏེ་དྲག་ཏུ་རྒྱུག་པའི་ཆུ་བོ་དང་འདམ་རྫབ་ཀྱི་ཁྲོད་ནས་ཉེན་ཁར་གྱར་པའི་ཡུལ་སྐོར་བ་8བསྐྱབས་པ་དང་། ཁོང་ཚོའི་དཔའ་ངར་ལྡན་པའི་བྱས་རྗེས《དབྱི་ཁྲུན་ཉེན་རེའི་ཚགས་པར》དུ་འཁོད་པ་རེད།

    2017ལོའི་ཟླ་10ཚེས་28ཉིན་ནས་ཟླ་10ཚེས་31ཉིན་བར། ཨ་མདོ་རྫོང་གི་ས་མཚམས་སུ་བསྟུད་མར་ཁ་བ་ཆེན་པོ་བབས་ནས་ས་བབ་མཐོ་ཚད་སྨི་5200ལྷག་ཙམ་ཡོད་པའི་རྒྱལ་ལམ་109གདང་ལ་རི་བོའི་དུམ་བུའི་ཁུལ་མང་པོར་གངས་གསོག་ཐེབས་པ་དང་འཁྱགས་པ་ཐེབས་པའི་རང་བྱུང་གནོད་འཚེ་ཚབས་ཆེན་ཐོན་པས་འགྲིམ་འགྲུལ་འགག་སྟེ་འཁོར་རིགས་1000ལྷག་ཙམ་དང་མི་རིགས་ཁག་གི་མང་ཚོགས་2000ལྷག་ཙམ་དེ་གར་ལུས་པ་དང་། འཁོར་རིགས་འགག་མང་ཤོས་སྐབས་རིང་ཚད་སྤྱི་ལེ་60ལྷག་ཙམ་ཟིན་གྱི་ཡོད།

    ཨ་མདོ་རྫོང་སྤྱི་བདེ་ཅུས་ཀྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་གང་ཆར་འབབ་སྐབས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་འཕྲལ་སྡོམ་ཤར་གཏོང་འགན་ལེན་གྱི་སྔོན་ཇུས་ལག་བསྟར་བྱས་ཤིང་། རྫོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཀྱི་ཏང་ཨུད་ཧྲུའུ་ཅི་ཆབ་སྲིད་ཨུ་ཡོན་བློ་བཟང་རྒྱ་མཚོས་ཅུས་དེའི་འགོ་ཁྲིད་གསུམ་དང་ཉེན་རྟོག་པ་65ཡི་སྣེ་ཁྲིད་དེ་གདང་ལ་དུམ་བུར་འགྲིམ་འགྲུལ་ལམ་སྟོན་དང་ཤར་གཏོང་འགན་ལེན་བྱེད་པར་བསྐྱོད། འགྲིམ་འགྲུལ་ཉེན་རྟོག་དང་། སྤྱི་བདེའི་ཞིབ་བཤེར་ས་ཚིགས། ལམ་རྒྱུད་མངགས་གཏོང་ཁང་། དམངས་ཕན་ཉེན་དོན་ས་ཚིགས་བཅས་ཀྱིས་ཉེན་རྟོག་པ་ཚང་མ་བཏང་ནས་ལམ་དུམ་བུ་ཁག་ཏུ་ལམ་སྟོན་བྱས་པ་རེད། བློ་བཟང་རྒྱ་མཚོས་གྲུམ་ནད་ཕོག་པའི་རྐང་པ་འཐེང་བཞིན་དུ་འཐབ་ཕྱོགས་དང་པོར་བཀོད་འདོམས་བྱས་པ་དང་། ཅུས་དེའི་འགོ་ཁྲིད་ལྔ་ལས་བཞི་ཡིས་འཐབ་ཕྱོགས་དང་པོར་འབད་ཐབས་བྱས། མི་དམངས་ཉེན་རྟོག་པ་ཚོས་ད་དུང་དྲོད་ཚད་ཀླད་ཀོར་འོག་གི་ཏུའུ་ཉི་ཤུ་ལྷག་ཙམ་གྱི་གྲང་ངར་ཁྱད་དུ་སད་ནས་སྐྱོན་ཤོར་བའི་རླངས་འཁོར་ཉམས་བཟོ་བྱེད་རོགས་བྱས།

    གངས་འཁྱགས་བགྲོད་ལམ་ཤར་གཏོང་འགན་ལེན་བྱེད་པའི་ལས་ཀར་རྒྱལ་ཡོངས་མི་དམངས་ཀྱི་དོ་ཁུར་ཆེན་པོ་ཐོབ་པ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་འཕྲིན་ལམ་ཐོག་ཆེད་མངགས་གནས་ཚུལ་བཀོད་མོད། འོན་ཀྱང་མི་དམངས་ཉེན་རྟོག་པ་ཚོའི་ཁྲོད་ནས་མི་གཉིས་རྨས་པ་དང་། མི་མང་པོའི་ནད་གཞི་ནད་ལོག་བརྒྱབ་པ་ཤེས་མཁན་གཅིག་ཀྱང་མེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།