[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས།

    “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང”བའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྙན་ཞུའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-16

     ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལག་བསྟར་ཇུས་གཞིའི་བཀོད་སྒྲིག་གཞིར་བཟུང་། ལོ་80ལ་སླེབས་པའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཧོ་ཙུང་དབྱིང་གདན་དྲངས་ཏེ་ཆེད་དོན་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། སྙན་ཞུའི་ཚོགས་འདུ་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྷག་པ་ཚེ་རིང་གིས་གཙོ་སྐྱོང་གནང་བ་དང་། ཀུང་ཧུའེ་ཚའེ་དང་། པ་སངས་སྒྲོལ་མ། ཉི་མ་ཚེ་རིང་སོགས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འགོ་ཁྲིད་སྙན་ཞུའི་ཚོགས་འདུར་ཞུགས་པ་རེད།

    ཧོ་ཙུང་དབྱིང་གིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་བོད་དུ་ལས་ཀ་དང་འཚོ་བ་སྐྱེལ་རིང་གི་གནས་ཚུལ་དང་འབྲེལ་བ་བྱས་ཏེ། ཏང་གི་གསོ་སྐྱོང་འོག་འཚར་ལོངས་བྱུང་ཚུལ་དང་། བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག དེ་བཞིན་ཁོང་དང་བོད་རིགས་སྤུན་ཟླའི་དབར་གྱི་བརྩེ་སེམས་ཟབ་མོ་བཅས་ཚང་མར་ཞིབ་ཏུ་བཤད་པ་རེད། ཧོ་ཙུང་དབྱིང་གི་སྙན་ཞུ་ཉན་རྗེས་ཚང་མས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང”བའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་རང་རྟོགས་ངང་ཞུགས་ཏེ། སྔ་ཕྱི་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་ཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པ། ལས་ཀར་སྤྲོ་སེམས་ཆེན་པོ་དང་། དམ་ནན་གྱི་ལས་ཀའི་སྤྱོད་ཚུལ། བསམ་པའི་འཁྱེར་སོ་ཡག་པོ་བཅས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཁྲོད་ཞུགས་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།