[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ཀྱི་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་འགོ་ཁྲིད་ཚོགས་ཆུང་གི་བརྙན་ལམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-09

    ལྗོངས་ཡོངས་ཀྱི་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་འགོ་ཁྲིད་ཚོགས་ཆུང་གི་བརྙན་ལམ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་13པ་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་མཐུད་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་དང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ཆེད་དོན་འཐབ་རྩོད་ཀྱི་དུས་མཚམས་གོང་མའི་ལས་དོན་ལ་ཕྱོགས་སྡོམ། དག་ཐེར་ལས་འགན་ཁག་བགོས་དོན་འཁྱོལ། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བཅས་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཧོ་ཝུན་ཧའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསོད་དར་དང་ཀྲུའུ་ཡ་ཕིན་ཡང་ཚོགས་འདུར་ཕེབས་ཡོད་པ་རེད།

    ཧོ་ཝུན་ཧའོ་ཡིས་གསུངས་དོན། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་རང་ལྗོངས་སུ་ལྟ་སྐུལ་མཛུབ་ཁྲིད་བྱེད་རིང་། དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གནང་ཡོད་ལ། ཞན་ཆ་དང་མི་འདང་བའི་ཆ་ཡང་གསལ་པོར་བཏོན་ཡོད་པ། མ་ཟད། ཚུར་ལན་གནང་བའི་གནད་དོན་དོན་དངོས་དང་མཐུན་ཡོད་ལ་གནད་ལ་འཁེལ་བ་དང་། བཏོན་པའི་བསམ་འཆར་ཡང་གནད་ལ་འཁེལ་བ་དང་གཏིང་ཟབ་པ་ཞིག་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་བསམ་བློ་སྔར་བས་གཅིག་གྱུར་དང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ལྟ་སྐུལ་མཛུབ་ཁྲིད་ཀྱི་དག་ཐེར་དེ་ཆབ་སྲིད་ཀྱི་ལས་འགན་ནན་པོ་ཞིག་ཏུ་བརྩིས་ཏེ་དཔའ་ངར་ཆེར་སྐྱེད་ཀྱིས་དག་ཐེར་དོན་འཁྱོལ་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།