[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷོ་ཁའི་སྡེ་ཚན་མང་པོས་མཉམ་དུ་ཁྲིམས་འགལ་གཉེར་སྐྱོང་ལ་རྡུང་རྡེག་བཏང་བ།

    མིག་སྔའི་བར་ཁྲིམས་འགལ་གཉེར་སྐྱོང་གི་འཁོར་རིགས་28བཀག་ཉར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-09

    sunqq9762.jpg

    འདི་ནི་འགྲིམ་འགྲུལ་ཉེན་རྟོག་པས་ཁྲིམས་འགལ་གཉེར་སྐྱོང་གི་འཁོར་རིགས་ཞིབ་བཤེར་བྱེད་བཞིན་པ།

    འགྲོ་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲོམ་རའི་བདེ་འཇགས་ལྟ་སྡོམ་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་དང་ལྷོ་ཁ་གྲོང་ཁྱེར་ཡོངས་ཀྱི་འགྲུལ་སྐྱེལ་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་ནས། འགྲོ་ལམ་འགྲུལ་སྐྱེལ་སྐྱེལ་འདྲེན་ཁོར་ཡུག་ལེགས་སུ་གཏོང་ཆེད། ཟླ་5ཚེས་21ཉིན་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དང་། གྲོང་ཁྱེར་སྤྱི་བདེ་ཅུས་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་། གྲོང་ཁྱེར་འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་བསྟར་ཅུས། གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་བསྟར་ཅུས། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས། གྲོང་ཁྱེར་རླངས་འཁོར་འགྲུལ་སྐྱེལ་ཀུང་སི་སོགས་སྡེ་ཚན་མང་པོས་མཉམ་དུ་ཁྲིམས་འགལ་གཉེར་སྐྱོང་གི་འཁོར་རིགས་ལ་བཅོས་སྒྲིག་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།

    ཟླ་6ཚེས་5ཉིན་ནས་ད་བར། ལྷོ་ཁའི་མཉམ་འབྲེལ་ཁྲིམས་བསྟར་དཔུང་ཁག་གིས་ཞིང་ཆེན་ལམ་101དང་། ཞིང་ཆེན་ལམ་202 ཞིང་ཆེན་ལམ་306སོགས་གཙོ་གནད་ལམ་དུམ་ཁག་ཏུ་གནས་གཏན་འཁེལ་དང་གནས་ངེས་མེད་ཀྱི་ཞིབ་བཤེར་བྱེད་པ་དང་། དུས་ཚོད་གཏན་འཁེལ་དང་དུས་ངེས་མེད་ཀྱི་ཞིབ་བཤེར་བྱེད་པ། ཚོགས་ཆུང་བགོས་ནས་བྱ་སྤྱོད་སྤེལ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གཅིག་བསྡུས་བཅོས་སྒྲིག་དང་ཁྲིམས་ལྟར་རྡུང་རྡེག་བཏང་བ་རེད། “བྱ་སྤྱོད་ནང་། ཁྲིམས་བསྟར་མི་སྣས་ཁྲིམས་འགལ་བྱ་སྤྱོད་མཐོང་ཚེ་ངེས་པར་དུ་རྩད་གཅོད་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཐོག ཁྲིམས་འགལ་འགྲུལ་སྐྱེལ་སོགས་ཁྲིམས་འགལ་བྱེད་སྤྱོད་ཐོན་རྒྱུ་གཏན་འགོག་བྱས་ཡོད། གལ་སྲིད་ཁྲིམས་འགལ་གཉེར་སྐྱོང་བྱེད་པ་ཤེས་རྟོགས་བྱུང་ཚེ། ཆད་པ་གཅོད་རྒྱུ་དང་སློབ་གསོ་གཏོང་རྒྱུ་ཟུང་འབྲེལ་བྱས་ནས། རྒྱ་ཆེའི་ཁ་ལོ་བ་ཚོར་ཆད་པ་དང་ལེན་བྱེད་པ་དང་ཆབས་ཅིག འགྲིམ་འགྲུལ་སྒྲིག་ལམ་བརྩི་སྲུང་ཞུ་དགོས་པའི་གལ་ཆེའི་རང་བཞིན་དང་ཁྲིམས་འགལ་བྱ་སྤྱོད་ཀྱི་གནོད་འཚེའི་རང་བཞིན་ངོས་འཛིན་ཟབ་མོ་བྱུང་དུ་བཅུག་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས་བརྗོད།

    ཟླ་6ཚེས་28ཉིན་བར། ལྷོ་ཁའི་མཉམ་འབྲེལ་ཁྲིམས་བསྟར་དཔུང་ཁག་གིས་ཁྱོན་འགྲོ་འོང་བྱེད་མཁན་འཁོར་རིགས་3000ལ་ཞིབ་བཤེར་བྱས་ནས། ཁྲིམས་འགལ་གཉེར་སྐྱོང་འཁོར་རིགས་28ཁྲིམས་ལྟར་བཀག་ཉར་བྱས་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།