[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རྒྱལ་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པ་221དབུས་ནུབ་རྒྱུད་དུ་བསྐྱོད་དེ“ཁྲིམས་སྐྱོང་གི་འོད་སྣང”སྦྱིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-06

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་4ཉིན་གློག་འཕྲིན་འབྱོར་གསལ། “1+1”ཀྲུང་གོའི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པའི་བྱ་སྤྱོད་2019ལོའི་ལོ་འཁོར་གྱི་འགོ་ཚུགས་མཛད་སྒོ་ཚེས་4ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས་ཤིང་། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར། “1+1”བྱ་སྤྱོད་ལ་ལས་གཉེར་ཁྲིམས་རྩོད་པ་116དང་། སློབ་གྲྭ་ཆེ་མོ་བའི་དང་བླངས་པའམ་ཡང་ན་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་པ་105དབུས་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས)13ཡི་རྫོང(ཆུས)156ལ་བསྐྱོད་ནས་བཅའ་ཁྲིམས་རོགས་སྐྱོར་གྱི་ཞབས་ཞུའི་ལས་དོན་སྤེལ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། “1+1”བྱ་སྤྱོད་ཞེས་པ་ནི་ལས་གཉེར་ཁྲིམས་རྩོད་པ་གཅིག་དང་སློབ་གྲྭ་ཆེ་མོ་བའམ་ཡང་ན་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་པ་གཅིག་ཆ་སྒྲིག་སྟེ། ཁོང་ཚོས་དབུས་ནུབ་རྒྱུད་ཀྱི་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་དུ་དུས་ཡུན་ལོ་གཅིག་རིང་གི་བཅའ་ཁྲིམས་རོགས་སྐྱོར་གྱི་དང་བླངས་ཞབས་ཞུའི་ལས་དོན་སྤེལ་ནས་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་སྒྲུབ་གཉེར་དང་། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དང་ཁྲིམས་སྐྱོང་འཆད་ཁྲིད། ས་གནས་དེ་གར་བཅའ་ཁྲིམས་ཞབས་ཞུའི་ཤེས་ལྡན་པ་གསོ་སྐྱོང་། གདན་ཞུས་ལྟར་ཞབས་ཞུ་སྒྲུབ་ཡུལ་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་བའི་འགན་འཁུར་བ་སོགས་རྣམ་གྲངས་ཀྱི་འགན་འཁྲི་འཁུར་ཡོད། “1+1”བྱ་སྤྱོད་ནི་ཁྲིམས་འཛིན་པུའུ་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་འབྲེལ་ཡོད་སི་དང་ཅུས་དང་ཚན་པ་བཅས་ཀྱིས་ཐུན་མོང་ཐོག་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་2009ལོ་ནས་བཟུང་ལག་བསྟར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ལོ་འཁོར་གྱི“1+1”བྱ་སྤྱོད་ཀྱིས་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས)15ཡི་རྫོང(ཆུས)189ལ་ཁྱོན་ལས་གཉེར་ཁྲིམས་རྩོད་པ་140དང་སློབ་གྲྭ་ཆེན་མོ་བའམ་ཡང་ན་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་པ་95བཏང་སྟེ་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་སྣ་ཚོགས་6900ལྷག་ཙམ་སྒྲུབ་གཉེར་བྱས་པ་དང་། བཅའ་ཁྲིམས་བློ་འདྲི་བྱེད་མཁན་མི་ཐེངས་ཁྲི་11ལྷག་ཙམ་ལ་སྣེ་ལེན་ཞུས་པ། ཁྲིམས་ལུགས་དྲིལ་བསྒྲགས་འཆད་ཁྲིད་ཐེངས་1320བྱས་པ། འགལ་ཟླ་དང་རྩོད་གཞི་1375འདུམ་འགྲིག་བྱས་པ། ཐད་ཀར་ཕན་པ་ཐོབ་མཁན་མི་ཐེངས་ཁྲི་7ལྷག་ཙམ་ཟིན་ནས་དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར་3ལྷག་ཙམ་མི་ཕོག་པ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།