[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གཉའ་ནང་འགག་སྒོའི་སྤྱི་བདེ་ཡན་ལག་ཅུས་ཀྱིས།

    ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་ལ་འགོག་ཟོན་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-12

    ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྒོའི་ཐད་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་དང་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་། རིགས་ཁག་གི་དཔལ་འབྱོར་གྱོད་གཞི་ཐོན་རྒྱུ་ནན་འགོག མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་ལ་གྱོང་གུན་ཕོག་ཚད་ཉུང་དུ་གཏོང་བ་བཅས་བྱ་ཆེད། ཉིན་ཤས་གོང་། གཉའ་ནང་འགག་སྒོའི་སྤྱི་བདེ་ཡན་ལག་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཁྲིམས་ལུགས་རུ་ཆེན་དང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཁག་དང་མཉམ་འབྲེལ་ཐོག ཁོངས་གཏོགས་ཁུལ་དུ“གསོག་དངུལ་ལ་གཅེས་སྤྲས་བྱས་ཏེ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་དང་རྒྱང་དུ་གྱེས”ཞེས་པ་བརྗོད་དོན་གཙོ་བོའི་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་ལ་འགོག་ཟོན་བྱེད་དགོས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། སྒྲོག་འགྲེལ་མི་དམངས་ཉེན་རྟོག་པས་དྲིལ་བསྒྲགས་ཀྱི་འཕྲེལ་འགེལ་ཡི་གེ་འགེལ་བ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ས་ཆ་དངོས་སུ་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པའི་རིགས་ཀྱི་ཉེས་གསོག་རྣམ་པ་དང་། ཆོས་ཉིད་དང་ཁྱད་ཆོས། འགོག་ཟོན་དང་ཁ་གཏད་འཇལ་ཐབས་བཅས་དྲིལ་བསྒྲགས་བྱས་པ་མ་ཟད། དུད་ཚང་དང་སྤྱི་ཚོགས་ལ་བཟོ་སྲིད་པའི་གནོད་འཚེ་དང་དེ་བཞིན་འགོག་ཟོན་བྱེད་ཐབས་གསལ་འགྲེལ་བྱས་པ་དང་། རྒྱ་ཆེའི་ལས་བཟོ་དང་མང་ཚོགས་རྣམས་ཀྱིས་རང་རྟོགས་ངང་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་དང་རྒྱང་དུ་གྱེས་པ་དང་རང་རྟོགས་ངང་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་ཀྱི་བསླུ་བྲིད་བཀག་འགོག་དང་ཉེན་ཁར་འགོག་ཟོན་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།