[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཞིབ་དཔྱོད་སྒོ་དབྱེའི་ཉིན་མོར་གཙང་རལ་སློབ་ཆུང་གི་དགེ་སློབ་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དུ་བསྐྱོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    སྤྱི་ཚོགས་ལས་རིགས་ཁག་དང་མི་དམངས་མང་ཚོགས་ཀྱིས་ཞིབ་དཔྱོད་ལས་དོན་ཤེས་རྟོགས་དང་དེར་རྒྱབ་སྐྱོར་བྱེད་ཚད་ཟབ་ཏུ་གཏོང་བ་དང་། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་ན་སོ་དར་ལ་མི་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་ཐུན་མོང་ཐོག་སྲུང་སྐྱོང་། གཞོན་ནུ་ལོ་ཆུང་ཚོས་ཆུང་དུས་ནས་ཁྲིམས་སྐྱོང་གི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བཅས་བྱ་ཆེད། ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས“མཉམ་དུ་དོ་ཁུར་བྱེད། མཉམ་དུ་འབྱུང་འགྱུར་སྲུང”ཞེས་པ་བརྗོད་དོན་གཙོ་བོར་བྱས་་པའི་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཙང་རལ་སློབ་ཆུང་གི་དགེ་སློབ་ཀྱི་འཐུས་མི་ཞིབ་དཔྱོད་ཁང་གི་ལས་དོན་མི་སྣ་དང་མཉམ་དུ་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གྱོད་གཞི་དོ་དམ་ཚོམས་ཆེན་དང་། ལད་མོའི་ཁྲིམས་ར། ཞིབ་དཔྱོད་རིག་གནས་ཁང་། གྱོད་གཞི་བཀོད་འདོམས་ཚོམས་ཆེན་བཅས་སུ་ལྟ་སྐོར་བྱས་པ་མ་ཟད། ཁྲིམས་སྐྱོང་གི་སློབ་ཚན་ལ་་ཞུགས་པར་བརྟེན་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་ཀའི་འགན་ནུས་དང་། ཞིབ་དཔྱོད་མི་སྣའི་ལས་དོན་བརྒྱུད་རིམ། རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཇི་ལྟར་བྱེད་དགོས་མིན་བཅས་ཀྱི་ཐད་ངོས་འཛིན་གཏིང་ཟབ་ཏུ་ཕྱིན་པ་དང་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་བདེ་ཐང་ངང་འཚང་ལོངས་ཡོང་བར་སྲུང་སྐྱོང་ཇི་ལྟར་བྱེད་དགོས་མིན་ཤེས་རྟོགས་ཟབ་མོ་ཐུབ་པ་རེད།

    རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ལྷན་གྱི་ཆེད་བསྐོས་ཨུ་ཡོན་ཧྲེང་ཞའོ་ཐིང་གིས“ད་ཐེངས་ཀྱི་བྱེད་སྒོ་དེ་ང་ཚོས་ཕྲུ་གུ་ཚོའི་ཁྱད་ཆོས་ལ་དམིགས་ནས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཁང་དུ་ལད་མོའི་ཁྲིམས་ར་བཀོད་སྒྲིག་བྱས་ཏེ་ཕྲུ་གུ་ཚོས་ཞིབ་དཔྱོད་དཔོན་གྱིས་འགན་འཁྲི་ཇི་ལྟར་སྒྲུབ་མིན་དང་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཇི་ལྟར་བྱེད་དགོས་མིན་ཤེས་པར་བྱས་ཡོད”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།