[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ལྷ་ཉིང་ལྕགས་ལམ་རྣམ་གྲངས་པུས་བདེ་འཇགས་ཐོན་སྐྱེད་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    འདི་ལོའི་ཟླ་6པ་ནི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”ཨང་18པ་ཡིན་ཞིང་། ཉེ་ཆར། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ལྷ་ཉིང་ལྕགས་ལམ་རྣམ་གྲངས་ལག་ལེན་བསྟར་ཡུལ་དུ“ཉེན་ཁ་སྔོན་འགོག་དང་། མངོན་མེད་རྐྱེན་ངན་སེལ་བ། ལས་འཛོལ་བཀག་འགོག”བཅས་བརྗོད་དོན་གཙོ་བོར་བྱས་པའི་བདེ་འཇགས་ཐོན་སྐྱེད་ཟླ་བའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

    ལྷ་ཉིང་ལྕགས་ལམ་གྱི་གསར་སྐྲུན་མ་ལམ་གྱི་རིང་ཚད་ལ་སྤྱི་ལེ་403.144ཟིན་པ་དང་། ཟམ་པ་དང་ཕུག་ལམ་གྱི་རིང་ཚད་ལ་ཁྱོན་སྤྱི་ལེ་300.975ཟིན་པ། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་74.66%ཟིན་པས་ས་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་ལ། བདེ་འཇགས་ཉེན་ཁའི་མངོན་མེད་རྐྱེན་ངན་མང་པོ་ཡོད། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ལྷ་ཉིང་ལྕགས་ལམ་རྣམ་གྲངས་ཀྱི་ཅིང་ལི་ཧྲེན་ཡུས་པིན་གྱིས“མིག་སྔར་ལྷ་ཉིང་ལྕགས་ལམ་ཡོངས་སུ་འདིང་བའི་ཛ་དྲག་གི་དུས་མཚམས་སུ་སླེབས་ནས་སྤྱི་ལེ་50ལྷག་ཙམ་བཏིང་ཟིན་པ་དང་། ཨར་ལས་བྱེད་ས་མང་བ་དང་། ལམ་ཐིག་རིང་བ། ལས་སྒྲུབ་སྤེལ་མ་བྱེད་པ། མཐོ་འཛེགས་ལས་སྒྲུབ་སོགས་ཀྱིས་རྐྱེན་པས་བདེ་འཇགས་ལས་དོན་ནི་སྔ་ཕྱི་བར་གསུམ་དུ་ང་ཚོའི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་གྱུར་ཡོད། ད་ཐེངས་རྒྱལ་ཁབ་ཀྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། ‘བདེ་འཇགས་ཐོན་སྐྱེད་ཟླ་བ’གོ་སྐབས་སུ་བཟུང་ནས་ལས་བཟོ་ཡོངས་ཀྱི་བདེ་འཇཌ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ནས་དུས་བདེའི་ལྕགས་ལམ་གཏོད་རྒྱུ་ཡིན”ཞེས་བརྗོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རྔམ་བརྗིད་ལྡན་ལ་ཕན་འབྲས་དངོས་ཀྱི་ཐོག་ནས་བདེ་འཇགས་ཐོན་སྐྱེད་ཟླ་བའི་བྱེད་སྒོ་ཡག་པོ་སྤེལ་ཆེད། བྱེད་སྒོ་སྤེལ་རིང“བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་ཁྲིམས་འཛིན་རུ་ཁག”བཙུགས་ནས་ལེབ་བཤེར་རྣམ་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་དང་། ལས་སྟེགས་ནུས་ལྡན་བསྐྲུན་པ། འཛུགས་སྐྲུན་ནང་ཞུགས་མཁན་ལས་བཟོས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རང་བཤེར་རང་བཅོས་བྱེད་པའི་ནང་ཞུགས་རྒྱུར་སྐུལ་སློང་བྱས་པ་དང་ཆབས་ཅིག་ས་གནས་འཕྲལ་སྡོམ་དོ་དམ་ཅུས་དང་མེ་ཟོན་སྡེ་ཚན་དང་མཉམ་དུ་སློབ་གསོའི་ནང་སྦྱོང་དང“བདེ་འཇགས་ཁེ་ལས་མཉམ་སྐྲུན”གྱི་བྱེད་སྒོ་སྤེལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།