[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རྒྱ་ཚ་རྫོང་གིས་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    ཉིན་ཤས་གོང་། རྒྱ་ཚ་རྫོང་གིས་ནག་སེལ་གཤེད་བཅོམ་དང་ཟིང་བཅོས་ལོག་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་ཆེད་དོན་ཚོགས་འདུ་དང་ཞིབ་བཤེར་ལས་དོན་བསུ་བའི་སྐུལ་འདེད་ཚོགས་འདུ་འཚོགས་ཏེ་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུའི་ཐོག་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་བདེ་འཇགས་དང་། བརྟན་ལྷིང་སྲུང་སྐྱོང་། སྤྱི་ཚོགས་བཅོས་སྐྱོང་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ། ནང་དོན་གཙོ་བོ་ཁོང་དུ་ཏན་ཏིག་ཆུད་པ་བཅས་བྱས་ནས། གནད་ལ་འཁེལ་བའི་སྒོ་ནས་ལས་དོན་ལག་ལེན་ལ་མཛུབ་ཁྲིད་བྱེད་དགོས་པ་དང་། གཞི་རིམ་གྱི་སྲིད་དབང་སྔར་བས་བརྟན་དུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་བ། མཐུན་སྒྲིལ་བྱེད་མཁས་པ། ཕྱུག་འགྱུར་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་བསྐྲུན་དགོས་པ། ཁུངས་སྣེ་མཐིལ་རྟོགས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་བྱེད་ཐབས་ཁག་གང་ལེགས་སྤྱོད་པ་དང་ཕྱོགས་ཡོངས་ནས་གཅིག་སྡུད་གྲལ་བཤེར་བྱས་ཏེ། ནག་གཤེད་དང་འབྲེལ་བའི་ཁུངས་སྣེར་གྲལ་བཤེར་བྱེད་དགོས་པ། ཁྲིམས་བཞིན་གྱོད་གཞི་བསྒྲུབ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། དོན་དངོས་གཞི་འཛིན་སར་འཇོག་རྒྱུ་མཐའ་འཁྱོངས་དང་བཅའ་ཁྲིམས་ཚད་གཞིར་འཛིན་ནས་ཁྲིམས་ལྟར་གྱོད་གཞི་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ཕྱོགས་བསྡུས་བཅོས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཆེད་དོན་འཐབ་རྩོད་དང་མ་ལག་བཅོས་སྐྱོང་། འགུལ་རྣམ་དོ་དམ་ཚོད་འཛིན། འབྱུང་རྩ་ནས་བཅོས་སྒྲིག་བཅས་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་ཀྱིས་འབྱུང་རྩ་ནས་ནག་གཤེད་སྟོབས་ཤུགས་མེད་པར་བཟོ་བའི་ཕུགས་ཕན་ལམ་སྲོལ་ཆགས་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།