[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རྒྱལ་ཡོངས་སྤྱི་བདེའི་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-04

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཆེད་དོན་སློབ་སྦྱོང(རྒྱ་ཆེའི)ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་སྤྱི་བདེའི་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱས་པ་རེད།

    ཚོགས་འདུའི་ཐོག་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ལ་སྔ་ཕྱི་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱས་ནས། སློབ་བསམ་སྤྱོད་གསུམ་ཁོང་དུ་ཆུད་པ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་དགོས། རང་འགན་གཙང་སྒྲུབ་དང་ལྷག་བསམ་ཟོལ་མེད་ངང་འགན་འཁྲི་ཁུར་ནས་དུས་བདེ་འགན་ལེན་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་སྤྱི་བདེའི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་བ་ཟུང་འབྲེལ་བྱས་ཏེ། སྤྱི་ཚོགས་ཀྱི་འགལ་ཟླ་སྣ་ཚོགས་སྔོན་འགོག་ནུས་ལྡན་དང་འོས་འཚམ་ངང་སེལ་བ་དང་། ཉེན་རྟོག་པ་ནན་པོས་སྐྱོང་བ། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་ཉེན་སྐྱོང་དང་སྙིང་སྟོབས་དར་སྤེལ་གཏོང་བ། དེ་བཞིན་རྩ་སྲ་སྟོབས་འཕེལ་གྱི་འཐབ་ཇུས་འདུ་འགོད་ལ་བརྩིས་ནས་དམ་འཛིན་ལྷོད་མེད་བྱེད་པ། སྤྱི་བདེའི་དཔུང་ཁག་ནང་ཁུལ་དུ་ཐོན་པའི་རུལ་སུངས་ཀྱི་གནད་དོན་མཐའ་གཅིག་ཏུ་བཀག་འགོག་བཅས་བྱས་ཏེ་ཏང་དང་སྲིད་གཞུང་ཐུགས་བློ་བདེ་བ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་སྤྱི་བདེའི་དམག་ཧྲག་ཅིག་གཏོད་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།