[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལག་ཁྱེར་མེད་པར་མིག་ནད་སྨན་བཅོས་ཞབས་འདེགས་ཞུ་མཁན་ལ་རྡུང་རྡེག་ཚ་ནན་གཏོང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-04

    liy95952.jpg

    དཔྱད་གཞིའི་པར།

    བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྲོང་བའི་ཁྱབ་ཁོངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་བདེ་ཐང་ལ་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ཉེ་ཆར་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་དང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས། རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་སོགས་སྡེ་ཚན་ཁག་དང་མཉམ་འབྲེལ་ཐོག《བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྲོང་བའི་ཁྱབ་ཁོངས་ཀྱི་ཟང་ཟིང་སྣང་ཚུལ་ལ་ཆེད་དོན་བཅོས་སྒྲིག་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྲོང་བའི་ཟང་ཟིང་སྣང་ཚུལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།

    ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་ནི་2019ལོའི་ཟླ་5པ་ནས་ཟླ་12བར་གྱི་ལོ་ཕྱེད་རིང་སྤེལ་རྒྱུ་ཡིན་ཞིང་། དེར་བཀོད་སྒྲིག་དང་། ཆེད་དོན་བཅོས་སྒྲིག ཕྱོགས་སྡོམ་སྲ་བརྟན་བཅས་དུས་མཚམས་གསུམ་དབྱེ་བ་དང་འབྲེལ། བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་ལྟ་སྐུལ་བྱེད་པ་དང་། ཕྱོགས་བསྡུས་ལྟ་སྐུལ་གྱི་མཉམ་ཤུགས་གྲུབ་པ། ཚན་རྩལ་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། ཕུགས་ཕན་ལམ་སྲོལ་ཧུར་ཐག་གཏོད་པ་བཅས་ཕྱོགས་བཞིའི་ཐད་ཀྱི་ལས་དོན་ལ་བླང་བྱ་བཏོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།