[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་སའི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འགྲོ་ལམ་ཐོག“གློག་རྡུལ་ཉེན་རྟོག་པ”སྤྱོད་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-28

    137844657_15509092729871n_s.jpg

    ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་འགག་པའི་སྣང་ཚུལ་སྔར་བས་ཞི་ལྷོད་དུ་གཏོང་རྒྱུ་དང་སྟབས་བདེ་དང་། ཐཱན་ཉུང་། ལྗང་མདོག་བཅས་ཀྱི་གྲོང་མིའི་འགྲོ་སྐྱོད་དགོས་མཁོ་སྐོང་ཆེད། ཟླ་གཉིས་པ་ནས་བཟུང་། ལྷ་སས་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འགྲོ་ལམ་འཆར་འགོད་བྱེད་འགོ་ཚུགས་པ་རེད། ཟླ་5ཚེས་21ཉིན། གསར་འགོད་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱུང་གསལ། མིག་སྔའི་བར་ལྷ་ས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཅང་སུའུ་ལམ་དང་། པེ་ཅིང་ལམ། བརྒྱད་གཅིག་ལམ་སོགས་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འགྲོ་ལམ་དུ་གློག་རྡུལ་ཉེན་རྟོག་པའི་པར་ལེན་མ་ལག་བསྒར་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ལྷ་ས་གྲོང་ཁུལ་གྱི་ལམ་མདོ་ཁ་75ལ་གློག་རྡུལ་ཉེན་རྟོག་གི་པར་ལེན་མ་ལག་བསྒར་རྒྱུ་མ་ཟད། གློག་རྡུལ་ཉེན་རྟོག་པའི་ལྡོག་ཕྱོགས་པར་ལེན་མ་ལག་ཀྱང་མང་དུ་གཏོང་རྒྱུ་རེད། སྒེར་འཁོར་གྱིས་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འགྲོ་ལམ་བཟུང་བའི་སྣང་ཚུལ་པར་ལེན་བྱེད་པའི་པར་ལེན་མ་ལག་63དང་ཁྲིམས་འགལ་ངང་རླངས་འཁོར་བཞག་པའི་སྣང་ཚུལ་པར་ལེན་བྱེད་པའི་པར་ལེན་མ་ལག་64བསྒར་རྒྱུ་ཡིན་པ་རེད།

    ལམ་མདོ་ཁ་75རུ། ལྡོག་ཕྱོཌ་པར་ལེན་གྱི་“གློག་རྡུལ་ཉེན་རྟོག་པ”བསྣན་རྒྱུ།

    ཉེ་དུས། ལྷ་སའི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་པེ་ཅིང་དཀྱིལ་ལམ་དང་གླིང་སྐོར་བྱང་ལམ་སོགས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འགྲོ་ལམ་དུ“གློག་རྡུལ་ཉེན་རྟོག་པའི”པར་ལེན་མ་ལག་བསྒར་ནས་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འགྲོ་ལམ་ཚད་ལྡན་དུ་གཏོང་རོགས་བྱས་པ་རེད། ལམ་དུམ་ཁག་གཅིག་ཏུ་ལྡོག་ཕྱོགས་པར་ལེན་གྱི“གློག་རྡུལ་ཉེན་རྟོག་པའི”་མ་ལག་ཀྱང་བསྒར་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་ལྷ་སའི་རྔ་ཆེན་ལམ་དང་། གླིང་སྐོར་ལམ། ཅང་སུའུ་ལམ། བརྒྱད་གཅིག་ལམ། པེ་ཅིང་དཀྱིལ་ལམ། ཅང་སུའུ་ཤར་ལམ་སོགས་སུ“སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འགྲོ་ལམ”འཆར་འགོད་བྱས་པ་མ་ཟད། ལམ་བར་དུ“སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འགྲོ་ལམ”གྱི་མཚོན་རྟགས་ཀྱང་བསྒར་ཡོད། སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འགྲོ་ལམ་དུ་རླངས་འཁོར་འགྲོ་སྐྱོད་ཚད་ལྡན་དུ་བཏང་ནས་སྤྱི་སྤྱོད་རླངས་འཁོར་གྱི་འཁོར་སྐྱོད་ཕན་ནུས་ཆེ་རུ་གཏོང་ཆེད། མིག་སྔར། ལྷ་ས་འགྲིམ་འགྲུལ་ཉེན་རྟོག་གིས“གློག་རྡུལ་ཉེན་རྟོག་པའི”པར་ལེན་མ་ལག་བསྒར་བ་ཕུད། ད་དུང“གློག་རྡུལ་ཉེན་རྟོག་པའི”ལྡོག་ཕྱོགས་ཀྱི་པར་ལེན་མ་ལག་ཀྱང་བསྒར་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལྷ་སའི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འགྲོ་ལམ་དུ་ཁྱོན་ལམ་མདོ་ཁ་75ཡོད་པ་དང་། དེ་དག་ཚང་མར“གློག་རྡུལ་ཉེན་རྟོག་པའི”ལྡོག་ཕྱོགས་ཀྱི་པར་ལེན་མ་ལག་བསྒར་རྒྱུ་ཡིན་པ་རེད།

    ལྷ་ས་འགྲིམ་འགྲུལ་ཉེན་རྟོག་གིས་རྒྱ་ཆེའི་གྲོང་མིར་སྒེར་འཁོར་ཉུང་ཙམ་གཏོང་བ་དང་སྤྱི་སྤྱོད་རླངས་འཁོར་ལ་མང་ཙམ་བསྡད་དེ་ལྗང་མདོག་དང་ཐཱན་ཉུང་ངང་ཕྱིར་བསྐྱོད་པའི་ཕན་ནུས་ཆེ་རུ་གཏོང་དགོས་པའི་དྲན་སྐུལ་བྱས་ཡོད།

    “གློག་རྡུལ་ཉེན་རྟོག་པས”ཚུལ་མིན་གྱི་འགྲིམ་འགྲུལ་བྱེད་སྤྱོད་པར་ལེན་བྱ་རྒྱུ།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྟ་སྐུལ་ཁྲིམས་འཛིན་རུ་ཆེན་གྱི་རུ་དཔོན་ཧོའུ་དབུན་གྱིས་སྤྱི་སྤྱོད་རླངས་འཁོར་ལ“ཆེད་སྤྱོད་འགྲོ་ལམ”བཀོད་སྒྲིག་བྱས་ཡོད་ཚེ་སྤྱི་སྤྱོད་རླངས་འཁོར་ནས་ངེས་པར་དུ་ཆེད་སྤྱོད་འཁོར་ལམ་ཐོག་སྐྱོད་དགོས། སྤྱི་སྤྱོད་རླངས་འཁོར་ཕུད་དེ་མིན་གྱི་སྒེར་འཁོར་གྱིས་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འགྲོ་ལམ་བཟུང་སྤྱོད་བྱེད་མི་ཆོག་ཅེས་ངོ་སྤྲོད་བྱས་པ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྒེར་འཁོར་གྱིས་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འགྲོ་ལམ་བཟུང་བའི་སྣང་ཚུལ་པར་ལེན་བྱེད་པའི་པར་ལེན་མ་ལག་63དང་ཁྲིམས་འགལ་ངང་རླངས་འཁོར་བཞག་པའི་སྣང་ཚུལ་པར་ལེན་བྱེད་པའི་པར་ལེན་མ་ལག་64བསྒར་རྒྱུ་ཡིན་པ་རེད། ད་ཐེངས་བསྒར་རྒྱུའི“གློག་རྡུལ་ཉེན་རྟོག་པའི”པར་ལེན་མ་ལག་དེ་ཁྲིམས་འགལ་ངང་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འགྲོ་ལམ་བཟུང་སྤྱོད་བྱེད་པ་དང་ཁྲིམས་འགལ་ངང་འཁོར་ལམ་བསྒྱུར་བའི་བྱེད་སྤྱོད་དང་། ཁྲིམས་འགལ་ངང་ཁ་བསྒྱུར་བ། ཉེན་ཐག་བཅིངས་མེད་པ། རླངས་འཁོར་གཏོང་སྐབས་ཁ་པར་བརྒྱབ་པ་སོགས་བདེ་འཇགས་འཁོར་གཏོང་ལ་འགོག་རྐྱེན་བཟོ་བའི་བྱེད་སྤྱོད་པར་ལེན་བྱ་རྒྱུ་རེད། སྒེར་འཁོར་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འགྲོ་ལམ་དུ་གཏོང་བའམ་ཡང་ན་བཞག་ཚེ་དངུལ་ཆད་སྒོར་200གཅོག་རྒྱུ་དང་སྐར་མ་3འཐེན་རྒྱུ་ཡིན་པ་རེད།

    ལྷ་ས་འགྲིམ་འགྲུལ་ཉེན་རྟོག་གིས་རྒྱ་ཆེའི་གྲོང་མི་དང་བདལ་གཏོང་ཁ་ལོ་བར“རླངས་འཁོར་སྐབས་འཇོག་དང་འཕྲལ་འཇོག་འཕྲལ་གཏོང”གི་མཚོན་རྟགས་ཡོད་ཚེ་བདལ་གཏོང་རླངས་འཁོར་གྱིས་འགྲུལ་པ་བླུགས་ན་འགྲིག སྒེར་འཁོར་གྱིས་ཁྲིམས་འགལ་ངང་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འགྲོ་ལམ་བཟུང་སྤྱོད་བྱེད་པའམ་ཡང་ན་སྤྱི་སྤྱོད་རླངས་འཁོར་གྱིས་ཆེད་སྤྱོད་འགྲོ་ལམ་དུ་མ་བསྐྱོད་ཚེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁ་ལོ་བའི་ལག་ཁྱེར་ནས་སྐར་མ་3འཐེན་རྒྱུ་དང་སྲིད་འཛིན་དངུལ་ཆད་སྒོར་200གཅོད་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།