[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དུས་ཐེངས་བཅུ་གཅིག་པའི་ལྗོངས་ཡོངས་ཀྱི་ཏང་ཡོན་གྱི་ཆབ་སྲིད་སློབ་གསོའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    ཉེ་ཆར། དུས་ཐེངས་བཅུ་གཅིག་པའི་ལྗོངས་ཡོངས་ཀྱི་ཏང་ཡོན་གྱི་ཆབ་སྲིད་སློབ་གསོའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭར་འགོ་ཚུགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ལིའུ་ཅང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་སྦྲགས་ཆེད་དོན་ཟུར་ཁྲིད་ཀྱང་གནང་བ་རེད།

    ལིའུ་ཅང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་གྲུབ་ཚུལ་དང་ཚན་རིག་གི་གོ་དོན། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད། རང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ལ་འཕྲད་པའི་དུས་བབ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་ལས་དོན་སྐོར་གྱི་བསམ་གཞིག་བཅས་ཕྱོགས་བཞིའི་ཐད་ནས་སློབ་མ་ཡོངས་ལ་ཟུར་ཁྲིད་གནང་བ་རེད། ལིའུ་ཅང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། མེས་རྒྱལ་ལ་ངོ་ལོག་ནས་བྲོས་བྱོལ་དུ་སོང་བའི་ལོ་60ཡི་རིང་། ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྤེལ་སྟངས་ལ་འགྱུར་བ་ཟམ་མི་ཆད་པར་ཕྱིན་མོད། འོན་ཀྱང“བོད་རང་བཙན”དང་མེས་རྒྱལ་ཁ་ཕྲལ་གཏོང་བའི་ལྐོག་གཡོ་གཤོམ་པའི་ཨུ་ཚུགས་མཐར་སྐྱེལ་གྱི་ལངས་ཕྱོགས་ལ་འགྱུར་བ་བྱུང་མེད། རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱིས་ཏཱ་ལའི་རུ་ཚོགས་ལ་རྒྱབ་སྐྱོར་བྱེད་སྟངས་འགྱུར་བ་ཟམ་མི་ཆད་པར་ཕྱིན་མོད། འོན་ཀྱང་ཁོ་པ་ཚོས་ཏཱ་ལའི་རུ་ཚོགས་སྤྱད་དེ་རང་རྒྱལ་ལ་ཚོད་འཛིན་བྱེད་པ་དང་། ཟིང་ཆ་སློང་བ། ཐ་ན་རང་རྒྱལ་གྱི་སྔོན་གཏན་འཁེལ་བའི་འཐབ་ཇུས་ཁ་འཐོར་གཏོང་བའི་ཇུས་ངན་ལ་འགྱུར་བ་བྱུང་མྱོང་མེད། ང་ཚོས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོ་དང་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་ཀྱིས་རང་རྒྱལ་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་བཟོ་བའི་ལྐོག་གཡོ་གསལ་རྟོགས་ཀྱིས་ཁོ་པ་ཚོའི་ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།