[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་སའི་འགག་སྒོ་ལས་ཁུངས་ཀྱི་དུས་ཚིགས་དང་པོའི་འགག་སྒྲོལ་ལས་ཕྱོད་དེ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    ཉིན་ཤས་གོང་། གསར་འགོད་པས་ལྷ་སའི་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱས་པ་ལྟར་ན། ལྷ་སའི་འགག་སྒོ་ལས་ཁུངས་ཀྱི་དུས་ཚིགས་དང་པོའི་ནང་འདྲེན་འགག་སྒྲོལ་ཆ་སྙོམས་དུས་ཡུན་ཆུ་ཚོད་4.98ཡིན་པ་དང་། ཕྱིར་གཏོང་འགག་སྒྲོལ་ཆ་སྙོམས་དུས་ཡུན་ཆུ་ཚོད་0.34ཡིན་པ་དེའི་ནང་ཟླ་གསུམ་པའི་ནང་འདྲེན་འགག་སྒྲོལ་ཆ་སྙོམས་དུས་ཡུན་ཆུ་ཚོད་4.57ཡིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་དུས་ཡུན་ལས་ཆུ་ཚོད་37.51གིས་མགྱོགས་པ་དང་། 2017ལོའི་གཞི་གྲངས་དང་བསྡུར་ན་94.09%ཆུང་དུ་བཏང་ཡོད། ཕྱིར་གཏོང་འགག་སྒྲོལ་ཆ་སྙོམས་དུས་ཡུན་ཆུ་ཚོད་0.55ཡིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་དུས་ཡུན་ལས་ཆུ་ཚོད་3.87གྱིས་མགྱོགས་པ་དང་། 2017ལོའི་གཞི་གྲངས་དང་བསྡུར་ན་81.86%ཆུང་དུ་བཏང་སྟེ་ནང་འདྲེན་དང་ཕྱིར་གཏོང་གི་འགག་སྒྲོལ་དུས་ཡུན་གྱི་ལས་ཕྱོད་དེ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།