[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་སའི་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས།

    ཁོངས་གཏོགས་ཁུལ་གྱི་ལྕགས་ལམ་བདེ་འཇགས་བཅོས་སྐྱོང་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་བབས་ཚུགས་ཀྱི་བདེ་འཇགས་བཅོས་སྐྱོང་དང་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་ཞིབ་བཤེར་བྱ་ཐབས་ནན་དུ་བཏང་བ་དང་། ལམ་རྒྱུད་དུ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་བཅོས་སྐྱོང་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་ནུས་ལྡན་བྱས་ཡོད།

    ཉེ་ཆར། གསར་འགོད་པར་ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ནས་ཤེས་རྟོགས་བྱུང་བར། ལྷ་ས་ལྕགས་ལམ་སྤྱི་བདེ་ཉེན་རྟོག་ཕྱོགས་ཀྱིས་སྣེའུ་ཡི་ས་གནས་སྤྱི་བདེ་དང་བབས་ཚུགས་སུ་བཅའ་སྡོད་དྲག་ཆས་ཉེན་རྟོག་དང་མཉམ་དུ་བབས་ཚུགས་ནས་དོན་ས་དང་འཛུལ་ས་སོགས་མི་ཚོགས་སྟུག་སར་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཉེས་གསོག་དོགས་ཅན་དང་དོགས་ཡོད་དངོས་རྫས་ལ་ཞིབ་བཤེར་ནན་པོ་བྱས་ཡོད། དྲག་ཆས་སྟོབས་ཤུགས་དང་མཉམ་འབྲེལ་གྱིས་རྐང་ཐང་མར་སྐོར་གཡེང་དང་ཉེན་རྟོག་པའི་རླངས་འཁོར་བཏང་ནས་སྐོར་གཡེང་ཟུང་འབྲེལ་དང་། གཙོ་གནད་ས་ཁུལ་དུ་ཆེད་མི་སྡོད་བྱར་འཇོག་པ་སོགས་ཀྱི་བྱེད་ཐབས་བརྒྱུད། བབས་ཚུགས་དང་འཁོར་རིགས་སྣ་ཚོགས་ཀྱི་བདེ་འཇགས་གནད་དོན་ལ་ཞིབ་བཤེར་ནན་པོ་བྱས་ཡོད།

    zengfg9538.jpg

    འདི་ནི་ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་བབས་ཚུགས་སུ་ཉེན་ཟོན་སྐོར་གཡེང་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།