[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • འཕྱོངས་རྒྱས་རྫོང་གིས།

    ​རོལ་རྩེད་ཁང་དང་དྲ་ཁང་ལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-16

    zengfg94108_s.jpg

    འཕྱོངས་རྒྱས་རྫོང་རིག་གནས་ཁྲོམ་ར་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཆེན་གྱིས་རྫོང་སྤྱི་བདེ་ཅུས་དང་། དྲ་འཕྲིན་གཞུང་ལས་ཁང་། “འཆལ་རྡུང་ལོག་སེལ”གཞུང་ལས་ཁང་། བཟོ་ཚོང་ཅུས། ཁོར་ཡུག་སྲུང་སྐྱོང་ཅུས་སོགས་སྡེ་ཚན་དང་མཉམ་དུ་འཕྱོངས་རྒྱས་རྫོང་གི་རོལ་རྩེད་ཁང་དང་དྲ་ཁང་ལ་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བྱས་པ་རེད།

    ད་རེས་ཀྱི་ཆེད་དོན་བྱ་སྤྱོད་ཁྲོད་རུ་ཆེན་དེས་སྤེལ་བཞིན་པའི“ཏང་རྟགས་འདོགས་པ་དང་ཏང་ཡོན་ཡིན་པ་མ་བརྗེད་པ་བྱེད་པ”དང“ལག་ཁྱེར་བཏོན་ནས་ཡ་རབས་ཁྲིམས་འཛིན་བྱེད་པའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། ཁྲིམས་འཛིན་རུ་མིས་ཁྲིམས་འཛིན་བྱེད་རིང་རང་འགུལ་ངང་ཐོབ་ཐང་གསལ་བཤད་དང་ཡ་རབས་ཁྲིམས་འཛིན་བྱས་ཏེ་མང་ཚོགས་ལ་ལྟ་སྐུལ་བྱེད་དུ་འཇུག་པ་དང་། ཁྲིམས་འཛིན་མི་སྣས་ལས་གནས་ལ་གཞི་ཚུགས་ཏེ་རང་འགན་གཙང་སྒྲུབ་བྱེད་པར་སྐུལ་འདེད་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་བཅས་བྱས་ནས་འཕྱོངས་རྒྱས་རྫོང་དུ་སྐྱོན་བྲལ་གྱི་སྤྱི་ཚོགས་རིག་གནས་ཁོར་ཡུག་བཟང་པོ་ཞིག་བཏོད་ཅིང་།

    འདི་ནི་འཕྱོངས་རྒྱས་རྫོང་རིག་གནས་ཁྲོམ་ར་ཕྱོཌ་བསྡུས་ཁྲིམས་འཛིན་ཁོངས་མིའི་ཚན་པས་ཨར་ཁང་ལ་མཚན་བཤེར་བྱེད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།