[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱིས་སྐོར་ཞིབ་བྱེད་ཐབས་གསར་པར་བརྟེན་ནས་གཞི་རིམ་གྱི་ལྟ་སྐུལ་དཀའ་གནད་བསལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

     རྫོང(ཆུས)གི“ངོ་ཤེས་སྤྱི་ཚོགས་དང་། ས་གནས་ཀྱིས་སྲུང་སྐྱོང་། ངོ་ཆེན་ཞུ་བ། འབྲེལ་བ་བཙལ་བ”སོགས་ཀྱི་འཇུར་མིག་མེད་པར་བཟོས་ནས“སྐོར་ཞིབ་གཏིང་ཟབ་དང་མཐར་ཕྱིན་མི་བྱེད་པའི”གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད། ཉེ་དུས། ཆབ་མདོ་གྲོང་ཁྱེར་གྱིས་རེས་སྐོར་གཉིས་པའི་རྫོང(ཆུས)ཨུད་ཀྱི“རིམ་སྤོར་དང་སྣོལ་སྡེབ”ཀྱི་སྐོར་ཞིབ་ལས་དོན་སྤེལ་འགོ་ཚུགས་པ་དང་། རྫོང་(ཆུས)ཨུད་8ཀྱི་འགོ་ཁྲིད་གཙོ་བོས་རེས་སྐོར་གཉིས་པའི་སྣོལ་སྡེབ་སྐོར་ཞིབ་ལས་དོན་ལ་ཞིབ་ཕྲའི་བླང་བྱ་བཏོན་པ་དང་བཀོད་སྒྲིག་བྱས་ནས་སྐོར་ཞིབ་ལས་དོན་རྒྱ་ཆེ་དང་། གཏིང་ཟབ། གནད་ལ་འཁེལ་བ་བཅས་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།

    “གསར་གཏོད་དང་མཚམས་སྦྱོར”ཟུང་དུ་འབྲེལ་ནས་སྐོར་ཞིབ་ཀྱི་ཡོངས་བསྒྲགས་དང་ཁ་གསལ་རང་བཞིན་ཆེ་རུ་བཏང་ཞིང་། ཡོངས་བསྒྲགས་སྒྲོམ་དང་། བརྙན་འཕྲིན་ལས་ཁུངས། དྲ་རྒྱ་སོགས་མཚམས་སྦྱོར་ལ་བརྟེན་ནས《སྐོར་ཞིབ་སྙན་ཞུ》དུས་ཐོག་ཏུ་སྦྱར་བ་དང་ཡོངས་བསྒྲགས་བྱས་ཏེ་སྐོར་ཞིབ་ཀྱི་དུས་བཀག་དང་། སྐོར་ཞིབ་བྱ་ཡུལ། སྐོར་ཞིབ་ཀྱི་ནང་དོན་དང་དེ་བཞིན་ཐེར་འདོན་ཁ་པར་དང་ཐེར་འདོན་ས་ཆ་བཅས་ཁ་གསལ་བཟོས་པ་དང་། སྐོར་ཞིབ་ཀྱི་གནས་ཚུལ་དུས་ཐོག་ཏུ་གསར་པར་བརྗེས་ནས་སྐོར་ཞིབ་ལས་དོན་ཁ་གསལ་གཏིང་གསལ་བྱས་པ་རེད།

    “གསར་གཏོད་དང་གོ་བ་ལོན་པ། སློབ་སྦྱོང”བཅས་མཉམ་འབྲེལ་གྱིས་སྐོར་ཞིབ་གནད་ལ་འཁེལ་རྒྱུར་རམ་འདེགས་བྱས་ཤིང་། སྐོར་ཞིབ་ལས་བྱེད་པ་སྒྲིག་འཛུགས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》སོགས་འབྲེལ་ཡོད་སྒྲིག་སྲོལ་གཏན་འབེབས་སློབ་སྦྱོང་བྱས་ནས། སྐོར་ཞིབ་ལས་དོན་གྱི་དོན་དངོས་དང་ངོ་བོར་གོ་བ་བླངས་ནས་ཆབ་སྲིད་སྐོར་ཞིབ་ཀྱི“ཆེ་ཤེལ”ནུས་པ་ཁྱོན་ཡོངས་ནས་བཏོན་པ་རེད།

    “གསར་གཏོད་དང་གསེད་བཀྲོལ”ཟུང་དུ་འབྲེལ་ནས་སྣོལ་སྡེབ་སྐོར་ཞིབ་ཀྱི་ཁྱད་ཆོས་གསར་པ་མངོན་པར་བྱས་ཤིང་། སྐོར་ཞིབ་བྱེད་སའི་ཚན་པ་དང་དེ་བཞིན་དེའི་ཁོངས་གཏོགས་ཀྱི་འབྲེལ་ཡོད་ཚན་པར་སྐྱོད་སྐབས“འཐབ་ཇུས་དང་འཐབ་རྩལ”སྤྱོད་མཁས་པོ་བྱས་ཏེ་དཔྱད་གཞིར་བརྟག་དཔྱད་དང་ལྟ་ཀློག་དང་། རྩིས་ཐོར་ཞིབ་བཤེར་དང་ལྟ་ཀློག འཚམས་འདྲི་དང་སྐོང་འདྲི་སོགས་བྱེད་ཐབས་བརྒྱུད་མི་འདེམས་མི་སྤྱོད་དང་། རྩིས་ཐོར་དོ་དམ། འགག་སྒྲོལ་དབུལ་སྒྲོལ། དེ་བཞིན་གཞི་རིམ་ཏང་འཛུགས་སྐྱོང་དང་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་སོགས་ལ་གཙོ་གནད་ཐོག་སྐོར་ཞིབ་བྱས་པའི་ཐོག འབྲེལ་ཡོད་ལས་དོན་སྤེལ་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ནས་གོམ་སྟབས་རྗེས་མའི་སྐོར་ཞིབ་ལས་དོན་ལ་ཁ་ཕྱོགས་གསལ་པོ་བསྟན་ཡོད་པ་རེད།

    “གསར་གཏོད་དང་འགན་འཁྲི”ཟུང་འབྲེལ་གྱིས་སྐོར་ཞིབ་ཀྱི་རྨང་གཞི་བརྟན་དུ་བཏང་ཞིང་། གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་རྩ་འཛུགས་འཚོ་བ་ནན་དུ་བཏང་བ་དང་། རྩ་འཛུགས་ལས་དོན་ཚོགས་འདུའི་ལམ་ལུགས་བཟོས་ནས“རིམ་སྤོར་དང་སྣོལ་སྡེབ”སྐོར་ཞིབ་ཀྱི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་ལས་འགན། སྐོར་ཞིབ་ཀྱི་གཙོ་གནད། བྱེད་ཐབས་དང་གོ་རིམ། ལས་ཀའི་བླང་བྱ་བཅས་སྔར་བས་ཁ་གསལ་བཟོས་པས་སྐོར་ཞིབ་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།