[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉིང་ཁྲི་རིམ་གཉིས་ཁྲིམས་ཁང་གིས་ལྟ་ཞིབ་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་ཆེད། འདི་ལོའི་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་གཉིས་ཁྲིམས་ཁང་གིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཐོག རང་སྦྱོང་གཙོ་བོ་དང་གཅིག་བསྡུས་ཆེད་དོན་སློབ་སྦྱོང་དང་ཉེན་ཟོན་སློབ་གསོའི་གློག་བརྙན་ལྟ་རྒྱུ་ཕལ་བར་བྱས་ཏེ། ལྟ་ཞིབ་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་དམིགས་ཚད་དང་། མཛུབ་ཁྲིད་བསམ་བློ། ལྟ་ཞིབ་རྩ་དོན་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་དོན་ཚན་ཁག་གི་དོན་སྙིང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། བཅའ་ཁྲིམས་དྲིལ་བསྒྲགས་དང་། བཅའ་ཁྲིམས་ཁྱབ་གདལ། བཅའ་ཁྲིམས་བརྩི་སྲུང་བཅས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད་པ་རེད།

    གཅིག་ནས་དར་ཆ་གསལ་སྟོན་བྱས་ནས་ཆབ་སྲིད་ལ་སྣང་ཆེན་བྱས་ཤིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོར་བསམ་བློའི་ཐོག་ལྟ་ཞིབ་བཅའ་ཁྲིམས་ཀྱི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་བྱས་ནས“འདུ་ཤེས་བཞི”སྔར་བས་བརྟན་པོར་འཛུགས་པ་དང་། “གདེང་ཚོད་བཞི”སྔར་བས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་བཅས་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ནས་ལྟ་ཞིབ་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་ཆེ་རུ་བཏང་བ་རེད།

    གཉིས་ནས་བཅའ་ཁྲིམས་སྒྲོག་འགྲེལ་རྒྱ་ཁྱབ་བྱས་ཤིང་། “བདུན་ལྔ”བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ལྟ་ཞིབ་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་ཞིབ་བཅའ་ཁྲིམས་དྲིལ་བསྒྲགས་ལག་བསྟར་བྱེད་སྒོ་སྣ་མང་སྒྲིག་འཛུགས་བྱེད་པ། ཁྲིམས་སྐྱོང་སློབ་གསོ་དང་ཀུན་སྤྱོད་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མང་ཚོགས་ཀྱིས་བཅའ་ཁྲིམས་གོང་བཀུར་དང་། བཅའ་ཁྲིམས་སློབ་སྦྱོང་། བཅའ་ཁྲིམས་བརྩི་སྲུང་། བཅའ་ཁྲིམས་བེད་སྤྱོད་བཅས་བྱེད་པའི་བསམ་བློ་དང་བྱ་སྤྱོད་ཀྱི་རང་རྟོགས་རང་བཞིན་ཆེ་རུ་བཏང་བ་རེད།

    གསུམ་ནས་ལྟ་ཞིབ་འགན་འཁྲི་ནན་སྒྲུབ་བྱས་ཤིང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྡེ་ཚན་གྱིས་སྒྲིག་བསྟར་ལྟ་སྐུལ་བྱེད་སྟངས་ལེགས་སུ་བཏང་ནས། “སྤྱོད་ཚུལ་བཞི”དང་རུལ་སུངས་ཀྱི་གནད་དོན་ཞིབ་གཅོད་ནན་པོ་བྱས་པ་དང་། ཤེས་རྟོགས་ཐུབ་པའི་སྒྲིག་འགལ་ཁྲིམས་འགལ་བྱེད་སྤྱོད“གཅིག་ཀྱང་ཐར་པར་མི་གཏོང་བར”གཅིག་ཐོན་ན་གཅིག་ཐག་གཅོད་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་མི་དམངས་ཁྲིམས་ཁང་གི་ཆབ་སྲིད་ཁོར་ཡུག་བཏོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།