[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་གྱི་རིམ་གཉིས་ཁྲིམས་ཁང་གི་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལ་ཕན་འབྲས་ཐོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

     2016ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་དང་རྫོང་རིམ་གཉིས་ཁྲིམས་ཁང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་པ་དང“གཟེར་འདེབས”སྙིང་སྟོབས་ཐོག་ནས་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་སྲོག་ཤིང་དུ་བྱེད་པའི་ཁྲིམས་འཛིན་སྒྱུར་བཅོས་ཀྱི་ལས་དོན་ཁག་ལ་དམ་འཛིན་བྱས་པས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ་རེད།

    འདྲི་གཅོད་དབང་ཆའི་གཉེར་སྐྱོང་ལམ་སྲོལ་རིམ་གྱིས་འཐུས་ཚང་དུ་བཏང་ནས་ཁྲིམས་འཛིན་གྱི་འགན་འཁྲིའི་ལམ་ལུགས་སྒྱུར་བཅོས་ཕྱོགས་ཡོངས་ལ་ཁྱབ་ཅིང་། གྲོང་ཁྱེར་ཡོངས་སུ་ཁྲིམས་དཔོན་གྱིས་གྱོད་དོན་ཐག་གཅོད་ཀྱི་སྤུས་ཚད་ཚེ་གང་འགན་འཁུར་བ་དང་གྱོད་ཐག་ནོར་འཁྲུལ་བཅད་པའི་འགན་འཁྲི་ལྡོག་བཤེར་གྱི་འགན་འཁྲི་རྩད་གཅོད་ཀྱི་ལམ་ལུགས་བཙུགས་པ་དང་འཐུས་ཚང་དུ་བཏང་བ་དང་། ཁྲིམས་ཁང་གི་ཡོན་ཀྲང་དང་ཁྲིམས་རའི་འགན་ཁུར་བས་སྣེ་ཁྲིད་པའི་གྱོད་དོན་ཐག་གཅོད་ཀྱི་ལམ་སྲོལ་དང་གཅུན་འདོམས་ལྟ་སྐུལ་གྱི་ལམ་སྲོལ་བཙུགས་ནས《ཁྲིམས་ཁང་གི་ཡོན་ཀྲང་དང་ཁྲིམས་རའི་འགན་ཁུར་བས་གྱོད་དོན་ཐག་གཅོད་པའི་བསྡུར་ཚད་ཀྱི་མཛུབ་ཁྲིད་བསམ་འཆར》བཟོས་པ་རེད།

    ཁྲིམས་རའི་འདྲི་གཅོད་ཀྱི་བྱེད་ནུས་ཆེ་རུ་བཏང་ནས་ཁྲིམས་རའི་འདྲི་གཅོད་ཀྱི་ངོ་བོ་ཅན་ལ་སྐུལ་འདེད་བཏང་ཞིང་། ཞུ་གཏུག་པ་དང་དག་འབུད་པའི་འགྲན་རྒོལ་ངོ་བོ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ཁྲིམས་ལྟར་དག་འབུད་པ་གཏན་ཁེལ་དང་བརྡ་ཐོ་བཏང་སྟེ་དག་འབུད་ཀྱི་ཁྱབ་ཁོངས་གཏན་འཁེལ་བྱས་ཏེ། ཁྲིམས་ལྟར་ཁྲུན་གཅོད་ཀྱི་ངོ་བོ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཉེས་དོན་གྱོད་གཞིའི་དཀའ་སླའི་ཁག་བགོས་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་པ་རེད།

    ལག་བསྟར་བྱེད་སྟངས་གསར་གཏོད་བྱས་ནས་ལག་བསྟར་ལས་ཀའི་སྒྲིག་སྲོལ་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ཞིང་། 《མཉམ་འགུལ་འཇིགས་གནོན་གྱི་ལག་བསྟར་ལམ་སྲོལ》དང《མཉམ་ཞུགས་ཚོགས་འདུའི་ལག་བསྟར་ལམ་ལུགས》བཟོས་པ་དང་འཐུས་ཚང་དུ་བཏང་བ་མ་ཟད། “སྐོར་སྐྱོད་ཁྲིམས་ར”4བཙུགས་ཏེ་གྱོད་གཞི་འདྲི་གཅོད་དང་ཐག་གཅོད་བྱས་པ་རེད།

    ཁྲིམས་འཛིན་ནི་དམངས་ཆེད་ཡིན་པའི་རྩ་དོན་ལག་བསྟར་གྱིས་ཀུན་གསལ་གྱི་ཁྲིམས་འཛིན་ལམ་སྲོལ་གསར་པ་འཛུགས་སྐྱོང་ཧུར་ཐག་བྱས་ཤིང་། ད་ལོའི་ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་དང་རྫོང་རིམ་གཉིས་ཁྲིམས་ཁང་གིས་དཔྱད་ཡིག་639ཐོ་འགོད་དང་ལེན་བྱས་པའི་ནང་གྱོད་གཞི་553དེ་མ་རང་དུ་གྱོད་ཐོ་བཀོད་པ་དང་། གཞི་རིམ་ཁྲིམས་ཁང་གིས་གོ་རིམ་སྟབས་བདེ་སྤྱད་ནས་གྱོད་གཞི་167ལ་འདྲི་གཅོད་བྱས་པ་དང་། གྱོད་གཞི་124གྱོད་ཐོ་བཀོད་ནས་འདུམ་འགྲིག་བྱས་པ་རེད།


    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།