[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲེང་ཀོན་ཆུས་ཀྱི་སྡེ་ཚན་མང་པོས་མཉམ་འབྲེལ་ཐོག་རྫུས་མར་རྡུང་རྡེག་བཏང་སྟེ་དུས་ཆེན་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

    ཚོང་འཕྲིན་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། ཉེ་ཆར། ཁྲེང་ཀོན་ཆུས་ཚོང་དོན་ཅུས་ཀྱིས་སྣེ་ཁྲིད་དེ་ཁྲེང་ཀོན་ཆུས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཚམས་ཀྱི་ཁྲོམ་རའི་ཤེས་བྱའི་བདག་དབང་ལ་བཙན་གནོད་དང་རྫུས་ལྷད་ཞན་གསུམ་གྱི་ཚོང་ཟོག་བཟོ་འཚོང་བྱེད་མཁན་ལ་མཉམ་འབྲེལ་ཐོག་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ཚོགས་ཆུང་བཙུགས་ཤིང་། ཕྱོགས་མང་མཐུན་སྦྱོར་དང་སྒྲིག་བཙུགས་ཞིབ་ཚགས་བྱས་པ་བརྒྱུད་ཁྲེང་ཀོན་ཆུས་ཨུད་ཀྱི་རྒྱུན་ཨུ་སྲིད་གཞུང་གི་ཆུས་ཀྲང་གཞོན་པ་ཧྲེན་ལང་གིས་སྣེ་ཁྲིད་པའི་ཁྲེང་ཀོན་ཆུས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཚམས་ཀྱི་ཁྲོམ་རའི་ཤེས་བྱའི་བདག་དབང་ལ་བཙན་གནོད་དང་རྫུས་ལྷད་ཞན་གསུམ་གྱི་ཚོང་ཟོག་བཟོ་འཚོང་བྱེད་མཁན་ལ་མཉམ་འབྲེལ་ཐོག་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་དངོས་སུ་འགོ་ཚུགས་པ་རེད།

    བྱེད་སྒོ་ཉིན་3སྤེལ་རིང་། མཉམ་འབྲེལ་བཅོས་སྒྲིག་བྱ་སྤྱོད་ཚོགས་ཆུང་གིས་ཚལ་གུང་ཐང་ཤང་དང་། ཉང་བྲན་ཤང་། དོག་སྡེ་ཤང་། རྔ་ཆེན་ཤང་བཅས་ཀྱི་ཚོང་ཁང་ཆུང་གྲས་34དང་། སྒོ་རྩིས་ཚོང་ཁང་15 བཟའ་བཏུང་ཁང་23 སྨན་ཚོང་ཁང་5 སྲན་བཟོས་བཟའ་བཅའ་ལས་སྣོན་བཟོ་ཁང་4དང་མཛོད་ཁང་5བཅས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད།

    ཞིབ་བཤེར་བྱེད་སྐབས་ཐོན་པའི་གནད་དོན་ལ་མཉམ་འབྲེལ་བཅོས་སྒྲིག་བྱ་སྤྱོད་ཚོགས་ཆུང་གིས་ཚོང་པར་ངང་རྒྱུད་རིང་པོས་སྲིད་ཇུས་དང་ཁྲིམས་སྲོལ་གསལ་འགྲེལ་བྱས་པ་དང་འབྲེལ་ཚོང་པར་བླང་བྱ་གཞིར་བཟུང་དག་ཐེར་བྱེད་དགོས་པའི་རེ་བ་བཏོན་པ་རེད།

    ད་ཐེངས་ཀྱི་མཉམ་འབྲེལ་ཞིབ་བཤེར་བྱ་སྤྱོད་སྤེལ་བ་བརྒྱུད་ཁྲིམས་འགལ་གྱི་བྱེད་སྤྱོད་ཟིལ་གྱིས་ནུས་ལྡན་མནན་ཏེ་གྲོང་མི་མང་ཚོགས་ཀྱི་ཚོང་ཟོག་གི་སྤུས་ཚད་བདེ་འཇགས་འགན་ལེན་ཐུབ་ཡོད། གོམ་སྟབས་རྗེས་མར་མཉམ་འབྲེལ་བཅོས་སྒྲིག་བྱ་སྤྱོད་ཚོགས་ཆུང་གིས་ཞིབ་བཤེར་གྱི་ཁྱབ་ཁོངས་མུ་མཐུད་ཆེ་རུ་བཏང་ནས་ཞིབ་བཤེར་གྱི་ལམ་བུ་ཤར་བགྲོད་ཡོང་བ་བྱས་ཏེ་གྲོང་མི་མང་ཚོགས་ཀྱིས་གོང་ཞུ་ཐེར་འདོན་བྱས་པའི་ནང་དོན་ཞིབ་བཤེར་བྱ་ཡུལ་གཙོ་བོར་འཇོག་པ་དང་། བཟའ་བཅའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ། བཟའ་བཅའི་བདེ་འཇགས་ཀྱི་འཕྲལ་སྡོམ་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཆ་འཕྲིན་ཐབས་ལམ་ཡངས་སུ་གཏོང་བ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་དབྱེ་ཞིབ་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་བདེ་འཇགས་འགོག་ཟོན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།