[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་དྲ་ཐོག་ཁྲལ་དོན་ཅུས་དངོས་སུ་བཙུགས་པ།

    ཁྲལ་འཇལ་མཁན“ཐེངས་གཅིག་ཀྱང་བྲོས་སུ་མི་ཤོར་བ་དང་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་རྒྱུ”རིམ་བཞིན་མངོན་འགྱུར་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

     ཉེ་ཆར། བོད་ལྗོངས་དྲ་ཐོག་ཁྲལ་དོན་ཅུས་དངོས་སུ་བཙུགས་པའི་མཛད་སྒོ་ལྷ་སར་འཚོགས་པ་དེས་རང་ལྗོངས་ཀྱི“དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་དང་། ལས་སྟེགས་མདུན་མ་དང་རྒྱབ་མ་ཟུང་འབྲེལ། གཅིག་གྱུར་ཚད་གཞི་ནུས་ལྡན”བཅས་ཀྱི་ཁྲལ་སྒྲུབ་ཞབས་ཞུའི་མཁན་ལས་སྟེགས་དངོས་སུ་དྲ་ཐོག་ཏུ་བཏོན་ནས་རྒྱ་ཆེའི་ཁྲལ་འཇལ་མཁན“ཐེངས་གཅིག་ཀྱང་བྲོས་སུ་མི་ཤོར་བ་དང་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་རྒྱུ”རིམ་བཞིན་མངོན་འགྱུར་བྱུང་བ་མཚོན་ཡོད་པ་རེད།

    “གློད་སྡོམ་ཞབས”གསུམ་སྒྱུར་བཅོས་བྱེད་པའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་གཏོང་། ཁྲལ་འཇལ་བའི་ཐོབ་ཚོར་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ་བཅས་བྱ་ཆེད། བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་2017ལོའི་ལོ་མཇུག་ཏུ་དྲ་ཐོག་ཁྲལ་དོན་ཅུས་བཙུགས་ནས་ཁྲལ་སྒྲུབ་ཚོམས་ཆེན་དང་། དྲ་རྒྱ། སྒུལ་བདེའི་མཐའ་སྣེ་སོགས་ཞབས་ཞུའི་ཐབས་ལམ་མང་པོ་ཕྱོགས་ཡོངས་ནས་བསྡུ་སྒྲིལ་གྱིས་ཁྲལ་འཇལ་བ་གཙོ་བོར་ཡིན་པའི་ནུས་མང་གཞི་གཅིག་ཏུ་བྱེད་པའི་དྲ་བའི་ཁྲལ་སྒྲུབ་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་སྐྲུན་པ་རེད། དུས་ཡུན་ལོ་གཅིག་གསར་སྤེལ་འཛུགས་སྐྲུན་བྱས་པ་བརྒྱུད། 2018ལོའི་ཟླ་8ཚེས་1ཉིན་ནས་ཟླ་8ཚེས་30ཉིན་བར་བོད་ལྗོངས་དྲ་ཐོག་ཁྲལ་དོན་ཅུས་ཚོད་ལྟའི་ངང་བཙུགས་པ་དང་ད་ཆ་དངོས་སུ་ཁྲལ་དོན་གཉེར་ཆོག་གི་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཁྲལ་དོན་ཆ་འཕྲིན་ཅན་གྱི་ལམ་བུར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ཅིང་། 2015ལོར་ཁྲལ་བསྡུའི་འདུ་འགོད་དུས་ཐེངས་གསུམ་པའི་ལེགས་གཏོང་པར་གཞི་དྲ་ཐོག་ཏུ་བཏོན་ནས་བསྡུ་ལེན་དོ་དམ་བཀོལ་སྤྱོད་ལས་སྟེགས་རྒྱལ་ཡོངས་དང་གཅིག་མཚུངས་ཡིན་པ་དང་། 2016ལོར་ལྗོངས་ཡོངས་སུ་ཁྱབ་གདལ་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ནས་ས་ཁུལ་དང་གྲོང་ཁྱེར་སྒྲོལ་བའི་ཁྲལ་འཇལ་བ་ས་གནས་གཉིས་སུ་ལས་སྒོ་གཉེར་བར་སྐྱོད་པའི་གནད་དོན་ཐག་གཅོད་བྱས་པ། 2017ལོར་མིང་ངོ་མ་བཀོད་པའི་ཁྲལ་སྒྲུབ་ལག་བསྟར་བྱས་ནས་ཁྲལ་དོན་གཉེར་བ་དང་ཁྲལ་དོན་གཉེར་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་མ་ཟད། ཁྲལ་འཇལ་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ། 2018ལོར་དྲ་ཐོག་ཁྲལ་དོན་ཅུས་བཙུགས་ནས་རྒྱ་ཆེའི་ཁྲལ་འཇལ་མཁན“ཐེངས་གཅིག་ཀྱང་བྲོས་སུ་མི་ཤོར་བ་དང་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་རྒྱུ”རིམ་བཞིན་མངོན་འགྱུར་བྱུང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།