[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དཔའ་ཤོད་རྫོང་གིས་ཁྲིམས་དང་མ་མཐུན་པའི་དཔེ་སྐྲུན་དངོས་པོ་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-28

    zhuy8884.jpg

    ཉེ་དུས། དཔའ་ཤོད་རྫོང་བདེ་འཇགས་རུ་ཆེན་གྱིས་རྫོང་རིག་གནས་ཅུས་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་དྲ་ཁང་དང་། དེབ་ཁང་། དཔེ་སྐྲུན་དངོས་པོ་ཚོང་ས། སྒྲ་བརྙན་ཐོན་རྫས་ཚོང་ཁང་བཅས་ལ་དམིགས་ཏེ་ཁྲིམས་དང་མ་མཐུན་པའི་དཔེ་སྐྲུན་དངོས་པོ་གཅིག་སྡུད་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་དཔའ་ཤོད་རྫོང་གི་རིག་གནས་ཁྲོམ་རའི་ཚོང་གཉེར་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་སྐྱོན་བྲལ་ཞི་མཐུན་གྱི་སྤྱི་ཚོགས་ཀྱི་རིག་གནས་རྣམ་པ་ཞིག་གཏོད་པའི་ཆེད་དོན་བྱ་སྤྱོད་ཅིག་རེད། བྱ་སྤྱོད་དེ་སྤེལ་བའི་དམིགས་ཡུལ་ནི་ཁྲིམས་དང་མ་མཐུན་པའི་དཔེ་སྐྲུན་དངོས་པོ་གཙང་བཤེར་བྱེད་ཤུགས་དང་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བའི་ཆེད་དུ་རེད། ཐེངས་འདིའི་བྱ་སྤྱོད་ནང་སྒྲ་བརྙན་ཐོན་རྫས་ཚོང་ཁང་7དང་། དེབ་ཁང་2 ཚོང་ཁང་31 དྲ་ཁང་3བཅས་ལ་ཞིབ་བཤེར་བྱེད་རིང་ལས་བཀག་སྡོམ་བྱས་པའི་ནང་དོན་གང་ཡང་ཐོན་མེད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།