[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས།

    ཆ་སྒྲིག་རོགས་སྐྱོར་བྱས་ནས་གཅེས་སེམས་མངོན། དྲིལ་བསྒྲགས་སློབ་གསོ་བརྒྱབ་ནས་ཡིད་ཆེས་འཕེལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ་ཆ་སྒྲིག་རོགས་སྐྱོར་ལས་དོན་སྔར་བས་ཡག་པོ་སྤེལ་ཆེད། ཉིན་ཤས་གོང་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཆ་སྒྲིག་རོགས་སྐྱོར་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།

    ཆ་སྒྲིག་རོགས་སྐྱོར་གྱི་འཚམས་འདྲིའི་བྱེད་སྒོའི་ཁྲོད་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མི་དམངས་ཉེན་རྟོག་པ་ཁག་བགོས་ཀྱིས་དཔའ་ཤོད་དང་། དཔལ་འབར། སྟེང་ཆེན། འགོ་འཇོ། འཇོ་མདའ། སྨར་ཁམས། མཛོ་སྒང་། བྲག་གཡབ་བཅས་རྫོང་8ཀྱི་ཤང(གྲོང་རྡལ)17གྱི་གྲོང་ཚོ་49ཡི་དུད་ཚང་དབུལ་པོ689ཡི་ཁྱིམ་དུ་བསྐྱོད་དེ་དུད་ཚང་དབུལ་པོར་འབྲས་དང་། སྣུམ། ཇ་སོགས་རིན་གོང་སྒོར་ཁྲི་20ལྷག་ཙམ་རི་བའི་འཚམས་འདྲིའི་དངོས་ཟོག་སྤྲད་པ་རེད།

    འཚམས་འདྲི་ཚོགས་ཆུང་ཁག་གིས་འཚམས་འདྲིའི་ལས་དོན་ཡག་པོ་བསྒྲུབས་པ་དང་ཆབས་ཅིག ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་ཀྱི་ལས་དོན་ནན་ཏན་ངང་སྤེལ་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་འདུ་ཤེས་གསར་པ་དང་ཆོད་གཏམ་གསར་པ་དང་དེ་བཞིན་གཏན་འཁེལ་བྱས་པའི་ལས་འགན་གསར་པ་དང་བྱེད་ཐབས་གསར་པ་དྲིལ་བསྒྲགས་གཏིང་ཟབ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དུད་ཁྱིམ་ཁྲི་སྟོང་མང་པོ་དང་། ཞིང་འབྲོག་ཁུལ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་བཅས་ཀྱིས་ཤེས་རྟོགས་ཐུབ་པ་བྱས་པ་མ་ཟད། བྱེད་ཐབས་སྣ་ཚོགས་སྤྱད་དེ་ཞིང་འབྲོག་མང་ཚོགས་དབུལ་པོར་ཏང་གི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་མང་ཚོགས་དབུལ་སྒྲོལ་ལས་དོན་ཁྲོད་ཧུར་ཐག་ཞུགས་རྒྱུ་ཁྲིད་སྟོན་བྱས་ནས་ཁོང་ཚོ་སྔ་ཙམ་དབུལ་སྒྲོལ་ཐུབ་པའི་བརྩོན་ལེན་བྱས་པ་རེད།

    གཞན་ཡང་། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དུད་ཚང་དབུལ་པོའི་མང་ཚོགས་ཚོར་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་དང་བཅའ་ཁྲིམས་ཀྱི་བྱང་ཚད་སྔར་བས་མཐོ་རུ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།