[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཟངས་རི་རྫོང་ཁྲིམས་ཁང་གིས།

    སྐོར་སྐྱོད་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    ཁོངས་གཏོགས་ཁུལ་གྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། དུས་བདེ་འཆམ་མཐུན་གྱི་ཁྲིམས་སྐྱོང་སྤྱི་ཚོགས་ཀྱི་རྣམ་པ་ཞིག་སྐྲུན་ཆེད། ཉེ་ཆར། ཟངས་རི་རྫོང་ཁྲིམས་ཁང་གིས་ཟངས་རི་གྲོང་རྡལ་དང་རོང་ཤང་དུ་སྐོར་སྐྱོད་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད།

    དྲིལ་བསྒྲགས་བྱེད་སྒོར་ཡིད་དབང་འགུག་ནུས་དང་གོ་སྐོན་བློ་འགུག་ཡོང་ཆེད། སྐོར་སྐྱོད་ཁྲིམས་ལུགས་དྲིལ་བསྒྲགས་པས་ཁྲིམས་ལུགས་དྲིལ་བསྒྲགས་ལས་དོན་གྱི་དགོས་མཁོ་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཡུལ་དེ་རང་དུ་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས། གཞིས་ལུས་རྒན་རྒོན་དང་འབྲེལ་ཡོད་ཀྱི་མི་སྣ་རྣམས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་དུ་གདན་དྲངས་ཏེ་གྱོད་དཔེ་དྲངས་ནས་རྒན་རྒོན་འཚོ་སྐྱོང་གི་འབྲེལ་ཡོད་དབང་ཆ་དང་། འོས་འགན། དེ་བཞིན་ཁྲིམས་ལུགས་ཁྲིམས་སྲོལ་སོགས་ལ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་དང་འབྲེལ། ཉེ་འགྲམ་དུ་ཐོན་པའི་གྱོད་དཔེ་དངོས་དཔེ་རུ་བྱས་ཏེ་མང་ཚོགས་ལ་ཉེན་བརྡ་བཏང་ནས་ཁྲིམས་སྤྱོད་མི་ཤེས་མཁན་ལ་སློབ་གསོ་རྒྱག་པ་དང་ཁྲིམས་ལ་གཏུག་མཁན་ལ་ཁྲིད་སྟོན་བྱས་པ་རེད།

    ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུན་ཉིན་9ཡིན་པ་དང་། ཤང་དང་གྲོང་རྡལ་གཉིས་ཀྱི་སྲིད་འཛིན་གྲོང་ཚོ་23ལ་ཕན་པ་ཐོབ་པ། སློབ་གསོ་ཐེབས་པའི་མང་ཚོགས་ཁྱོན་2300ལྷག་ཟིན་པ། “དམངས་བདེའི་ཞབས་ཞུའི་གཱ”1900ལྷག་དང་དྲིལ་བསྒྲགས་དཔྱད་གཞི་2300ལྷག་སྤྲད་པ། ས་གནས་ས་ཐོག་ཏུ་བཅའ་ཁྲིམས་བློ་འདྲི་ཐེངས་27ལ་ལན་བརྒྱབ་པ། རྩོད་གཞི་2འདུམ་འགྲིག་བཅས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།