[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    ཨང་དང་པོ།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་དེ་2018ལོའི་ཟླ་3ཚེས་11ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བ་དང་ད་ལྟ་ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱ་རྒྱུ།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས།

    2018ལོའི་ཟླ་3ཚེས་11ཉིན་པེ་ཅིང་དུ།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན།

    (2018ལོའི་ཟླ་3ཚེས་11ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བ)

    དོན་ཚན་སོ་གཉིས་པ། རྩ་ཁྲིམས་ཀྱི་གླེང་གཞིའི་རང་བྱུང་དུམ་མཚམས་བདུན་པའི་ནང་གི“མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། ‘མཚོན་བྱེད་གསུམ’གྱི་དགོངས་པ་གལ་ཆེན་བཅས་ཀྱི་མཛུབ་ཁྲིད་འོག”ཅེས་པ་དེ“མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། ‘མཚོན་བྱེད་གསུམ’གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱི་མཛུབ་ཁྲིད་འོག”ཅེས་པར་བཟོ་བཅོས་བརྒྱབ་པ་དང་། “སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་པ་དེ“སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་པར་བཟོ་བཅོས་བརྒྱབ་པ། “རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན”ཞེས་པའི་མདུན་དུ“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས”ཞེས་བསྣན་པ། “དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལ་བསྐྲུན་རྒྱུ”ཞེས་པ་དེ“དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྣོད་བཅུད་ཀྱི་དཔལ་ཡོན་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་དུ་བསྐྲུན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱ་རྒྱུ”ཞེས་པར་བཟོ་བཅོས་བརྒྱབ་པ། རང་བྱུང་དུམ་མཚམས་དེ“ཀྲུང་གོའི་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་རྒྱལ་ཁ་དང་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་གྲུབ་འབྲས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་ཅིང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པའི་མཛུབ་ཁྲིད་འོག་བདེན་དོན་མཐའ་འཁྱོངས་བྱས་པ་དང་། ནོར་འཁྲུལ་ཡོ་བསྲང་བྱས་པ། དཀའ་ཉེན་མང་པོ་ལས་རྣམ་པར་རྒྱལ་བ་བཅས་ལས་ཐོབ་པ་ཞིག་ཡིན། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་དུས་ཡུན་རིང་པོ་ཞིག་གནས་རྒྱུ་ཡིན། རྒྱལ་ཁབ་ཀྱི་རྩ་བའི་ལས་འགན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད་སྟོབས་ཤུགས་གཅིག་སྡུད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན། ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་མུ་མཐུད་དེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། ‘མཚོན་བྱེད་གསུམ’གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱི་མཛུབ་ཁྲིད་འོག་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱེད་པ་བཅས་བྱས་ནས་བཟོ་ལས་དང་། ཞིང་ལས། རྒྱལ་སྲུང་། ཚན་རྩལ་བཅས་དེང་རབས་ཅན་དུ་རིམ་བཞིན་འགྱུར་བ་བྱ་རྒྱུ་དང་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྣོད་བཅུད་ཀྱི་དཔལ་ཡོན་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་དུ་བསྐྲུན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱ་རྒྱུ”ཞེས་པར་དེ་མཚུངས་སུ་བཟོ་བཅོས་བརྒྱབ་པ།

    དོན་ཚན་སོ་གསུམ་པ། རྩ་ཁྲིམས་ཀྱི་གླེང་གཞིའི་རང་བྱུང་དུམ་མཚམས་བཅུ་པའི་ནང་གི“ཡུན་རིང་གི་གསར་བརྗེ་དང་འཛུགས་སྐྲུན་གྱི་བརྒྱུད་རིམ་ནང”ཞེས་པ་དེ“ཡུན་རིང་གི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བརྒྱུད་རིམ་ནང”ཞེས་པར་བཟོ་བཅོས་བརྒྱབ་པ་དང་། “སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་དང་། སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ། སྤྱི་ཚོགས་རིང་ལུགས་ལ་བརྩི་བཀུར་ཞུ་མཁན་གྱི་རྒྱལ་གཅེས་པ། མེས་རྒྱལ་གཅིག་གྱུར་ལ་བརྩི་བཀུར་ཞུ་མཁན་གྱི་རྒྱལ་གཅེས་པ་བཅས་ཚང་མ་ཚུད་པའི་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར”ཞེས་པ་དེ“སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་དང་། སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ། སྤྱི་ཚོགས་རིང་ལུགས་ལ་བརྩི་བཀུར་ཞུ་མཁན་གྱི་རྒྱལ་གཅེས་པ། མེས་རྒྱལ་གཅིག་གྱུར་ལ་བརྩི་བཀུར་དང་དེ་བཞིན་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་གཞོལ་མཁན་གྱི་རྒྱལ་གཅེས་པ་བཅས་ཚང་མ་ཚུད་པའི་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར”ཞེས་པར་བཟོ་བཅོས་བརྒྱབ་པ། རང་བྱུང་དུམ་མཚམས་དེ“སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་སྒྲུབ་པར་ངེས་པར་དུ་བཟོ་པ་དང་། ཞིང་པ། ཤེས་ལྡན་པ་བཅས་ལ་བརྟེན་དགོས་པ་དང་མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་དགོས། ཡུན་རིང་གི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བརྒྱུད་རིམ་ནང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པ་དང་། དམངས་གཙོའི་ཏང་ཤོག་ཁག་དང་མི་དམངས་ཚོགས་པ་ཁག་ཞུགས་པ། སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་དང་། སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ། སྤྱི་ཚོགས་རིང་ལུགས་ལ་བརྩི་བཀུར་ཞུ་མཁན་གྱི་རྒྱལ་གཅེས་པ། མེས་རྒྱལ་གཅིག་གྱུར་ལ་བརྩི་བཀུར་ཞུ་མཁན་གྱི་རྒྱལ་གཅེས་པ། མེས་རྒྱལ་གཅིག་གྱུར་ལ་བརྩི་བཀུར་དང་དེ་བཞིན་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་གཞོལ་མཁན་གྱི་རྒྱལ་གཅེས་པ་བཅས་ཚང་མ་ཚུད་པའི་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ཞིག་གྲུབ་ཡོད། འཐབ་ཕྱོགས་གཅིག་གྱུར་དེ་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུ། རྒྱ་ཁྱབ་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཤིག་ཡིན་པའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུས་འདས་ཟིན་པའི་ལོ་ཟླའི་ནང་ལོ་རྒྱུས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ལ་སླད་ཕྱིན་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་། སྤྱི་ཚོགས་འཚོ་བ། ཕྱི་ཕྱོགས་མཛའ་གྲོགས་བྱེད་སྒོ་བཅས་ཁྲོད་དང་དེ་བཞིན་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་དང་རྒྱལ་ཁབ་གཅིག་གྱུར་དང་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་འཐབ་རྩོད་ཁྲོད་སྔར་ལས་ལྷག་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཡུན་རིང་གནས་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུ”ཞེས་པར་དེ་མཚུངས་སུ་བཟོ་བཅོས་བརྒྱབ་པ།

    དོན་ཚན་སོ་བཞི་པ། རྩ་ཁྲིམས་ཀྱི་གླེང་གཞིའི་རང་བྱུང་དུམ་མཚམས་བཅུ་གཅིག་པའི་ནང་གི“འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གཏན་ལ་འཁེལ་བ་མ་ཟད། ད་དུང་མུ་མཐུད་ཤུགས་སྣོན་ཡང་རྒྱག་རྒྱུ”ཞེས་པ་དེ“འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གཏན་ལ་འཁེལ་བ་མ་ཟད། ད་དུང་མུ་མཐུད་ཤུགས་སྣོན་ཡང་རྒྱག་རྒྱུ”ཞེས་པར་བཟོ་བཅོས་བརྒྱབ་པ།

    དོན་ཚན་སོ་ལྔ་པ། རྩ་ཁྲིམས་ཀྱི་གླེང་གཞིའི་རང་བྱུང་དུམ་མཚམས་བཅུ་གཉིས་པའི་ནང་གི“ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་ནི་འཛམ་གླིང་མི་དམངས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད”ཅེས་པ་དེ“ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་གྲུབ་འབྲས་ནི་འཛམ་གླིང་མི་དམངས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད”ཅེས་པར་བཟོ་བཅོས་བརྒྱབ་པ་དང་། “ཀྲུང་གོས་རང་ཚུགས་རང་བདག་གི་ཕྱི་ཕྱོགས་སྲིད་ཇུས་མཐའ་འཁྱོངས་དང་། བདག་དབང་དང་མངའ་ཁོངས་ཆ་ཚང་ལ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བཙན་གནོད་མི་བྱེད་པ། ཕན་ཚུན་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས་བཅས་ཀྱི་རྩ་དོན་ཁག་ལྔ་མཐའ་འཁྱོངས་བྱ་རྒྱུ”ཞེས་པའི་མཇུག་ཏུ“ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་དང་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་མཐའ་འཁྱོངས་བྱ་རྒྱུ”ཞེས་པ་བསྣན་པ། “རྒྱལ་ཁབ་ཁག་དང་ཕྱི་འབྲེལ་འབྲེལ་བ་དང་དཔལ་འབྱོར་དང་རིག་གནས་སྤེལ་རེས་འཕེལ་རྒྱས་གཏོང་རྒྱུ”ཞེས་པ་དེ“རྒྱལ་ཁབ་ཁག་དང་ཕྱི་ཕྱོགས་འབྲེལ་བ་དང་དཔལ་འབྱོར་དང་རིག་གནས་སྤེལ་རེས་འཕེལ་རྒྱས་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ”ཞེས་པར་བཟོ་བཅོས་བརྒྱབ་པ། རང་བྱུང་དུམ་མཚམས་དེ“ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་གྲུབ་འབྲས་ནི་འཛམ་གླིང་མི་དམངས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། ཀྲུང་གོའི་མདུན་ལམ་ནི་འཛམ་གླིང་གི་མདུན་ལམ་དང་དམ་པོར་འབྲེལ་ཡོད། ཀྲུང་གོས་རང་ཚུགས་རང་བདག་གི་ཕྱི་ཕྱོགས་སྲིད་ཇུས་མཐའ་འཁྱོངས་དང་། བདག་དབང་དང་མངའ་ཁོངས་ཆ་ཚང་ལ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བཙན་གནོད་མི་བྱེད་པ། ཕན་ཚུན་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས་བཅས་ཀྱི་རྩ་དོན་ཁག་ལྔ་མཐའ་འཁྱོངས། ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས། གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་མཐའ་འཁྱོངས་བཅས་བྱས་ཏེ་རྒྱལ་ཁབ་ཁག་དང་ཕྱི་ཕྱོགས་འབྲེལ་བ་དང་དཔལ་འབྱོར་དང་རིག་གནས་སྤེལ་རེས་འཕེལ་རྒྱས་གཏོང་རྒྱུ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ། བཙན་རྒྱལ་རིང་ལུགས་དང་། བཙན་དབང་རིང་ལུགས། མི་སེར་སྤེལ་བའི་རིང་ལུགས་བཅས་ལ་ངོ་རྒོལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། གཉའ་གནོན་ཕོག་པའི་མི་རིགས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མི་རིགས་རང་ཚུགས་བརྩོན་ལེན་དང་སྲུང་སྐྱོང་བྱེད་པ་དང་། མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་པ་བཅས་བྱས་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་བྱ་རྒྱུ”ཞེས་པར་དེ་མཚུངས་སུ་བཟོ་བཅོས་བརྒྱབ་པ།

    དོན་ཚན་སོ་དྲུག་པ། རྩ་ཁྲིམས་ཀྱི་དོན་ཚན་དང་པོའི་ནང་གསེས་གཉིས་པའི“སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞི་རྩའི་ལམ་ལུགས་ཡིན”ཞེས་པའི་མཇུག་ཏུ“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཡིན”ཞེས་པའི་དུམ་བུ་གཅིག་བསྣན་པ།

    དོན་ཚན་སོ་བདུན་པ། རྩ་ཁྲིམས་ཀྱི་དོན་ཚན་གསུམ་པའི་ནང་གསེས་གསུམ་པའི“རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ཚང་མ་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་ཐོན་པ་ཞིག་ཡིན་པས་དེར་འགན་འཁུར་རྒྱུ་དང་དེའི་ལྟ་སྐུལ་ཐོབ་རྒྱུ”ཞེས་པ་དེ“རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ཚང་མ་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་ཐོན་པ་ཞིག་ཡིན་པས་དེར་འགན་འཁུར་རྒྱུ་དང་དེའི་ལྟ་སྐུལ་ཐོབ་རྒྱུ”ཞེས་པར་བཟོ་བཅོས་བརྒྱབ་པ།

    དོན་ཚན་སོ་བརྒྱད་པ། རྩ་ཁྲིམས་ཀྱི་དོན་ཚན་བཞི་པའི་ནང་གསེས་དང་པོའི་ནང་གི“རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྲིམས་མཐུན་དབང་ཆ་དང་ཁེ་ཕན་འགན་སྲུང་བྱ་རྒྱུ་དང་། མི་རིགས་ཁག་གི་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས་བཅས་ཀྱི་འབྲེལ་བ་སྲུང་སྐྱོང་དང་གོང་འཕེལ་གཏོང་རྒྱུ”ཞེས་པ་དེ“རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྲིམས་མཐུན་དབང་ཆ་དང་ཁེ་ཕན་འགན་སྲུང་བྱ་རྒྱུ་དང་། མི་རིགས་ཁག་གི་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་འབྲེལ་བ་སྲུང་སྐྱོང་དང་གོང་འཕེལ་གཏོང་རྒྱུ”ཞེས་པར་བཟོ་བཅོས་བརྒྱབ་པ།

    དོན་ཚན་སོ་དགུ་པ། རྩ་ཁྲིམས་ཀྱི་དོན་ཚན་ཉེར་བཞི་པའི་ནང་གསེས་གཉིས་པའི་ནང་གི“རྒྱལ་ཁབ་ཀྱིས་མེས་རྒྱལ་ལ་དགའ་ཞེན་དང་། མི་དམངས་ལ་དགའ་ཞེན། ངལ་རྩོལ་ལ་དགའ་ཞེན། ཚན་རིག་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་སྤྱི་པའི་སྤྱོད་བཟང་དར་སྤེལ་གཏོང་རྒྱུ”ཞེས་པ་དེ“རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་རྒྱུ་དང་མེས་རྒྱལ་ལ་དགའ་ཞེན་དང་། མི་དམངས་ལ་དགའ་ཞེན། ངལ་རྩོལ་ལ་དགའ་ཞེན། ཚན་རིག་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་སྤྱི་པའི་སྤྱོད་བཟང་དར་སྤེལ་གཏོང་རྒྱུ”ཞེས་པར་བཟོ་བཅོས་བརྒྱབ་པ། ནང་གསེས་དེ“རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་རྒྱུ་དང་། མེས་རྒྱལ་ལ་དགའ་ཞེན་དང་། མི་དམངས་ལ་དགའ་ཞེན། ངལ་རྩོལ་ལ་དགའ་ཞེན། ཚན་རིག་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་སྤྱི་པའི་སྤྱོད་བཟང་དར་སྤེལ་གཏོང་རྒྱུ། མི་དམངས་ཁྲོད་རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། རྒྱལ་སྤྱིའི་རིང་ལུགས། གུང་ཁྲན་རིང་ལུགས་བཅས་ཀྱི་སློབ་གསོ་སྤེལ་རྒྱུ། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་སློབ་གསོ་སྤེལ་རྒྱུ། མ་རྩ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་དང་དེ་བཞིན་རུལ་སུངས་ཀྱི་བསམ་བློ་གཞན་དག་ལ་ངོ་རྒོལ་བྱ་རྒྱུ”ཞེས་པར་དེ་མཚུངས་སུ་བཟོ་བཅོས་བརྒྱབ་པ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།