[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་བདག་སྤྲོད་བྱས་པ་དང་འབྲེལ་འཛིན་བཟུང་བྱ་རྒྱུའི་ཐག་བཅད་པ།

    ལྷ་ས་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་ལས་ཐོག་ཉེས་གསོག་གྱོད་གཞི་ཞིག་ཞིབ་དཔྱད་ཞུ་གཏུག་བྱ་རྒྱུར་ཐོག་མར་རྩིས་སྤྲད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁོངས་གཏོགས་གཏན་འཁེལ་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ལྷ་ས་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱིས་ཞིབ་དཔྱད་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པའི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ཚེ་ཆེ་གེ་མོས་ཁྲིམས་ཐག་གཅོད་པ་དང་འཁྲུན་ཐག་གཅོད་སྐབས་འགན་དབང་གང་བྱུང་དུ་སྤྱད་པའི་གྱོད་གཞི་ཁྲིམས་ལྟར་བདག་སྤྲོད་བྱས་ཡོད། གྱོད་གཞི་དེ་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཚོད་ལྟ་བྱས་ཚུན་ལྟ་ཞིབ་ཨུ་ལྷན་གྱིས་ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲད་པའི་ལས་ཐོག་ཉེས་གསོག་གྱོད་གཞི་ཐོག་མ་དེ་ཡིན་པ་རེད།

    ཁྲིམས་ལྟར་ཞིབ་བཤེར་བྱས་པ་བརྒྱུད་རྩད་གཅོད་ཐུབ་པར། 2016ལོའི་ཟླ་5པ་ནས་2017ལོའི་ཟླ་6པའི་བར་ཉེས་གསོག་དོགས་ཅན་ཚེ་ཆེ་གེ་མོས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ཅུས་ཀྲང་གི་འགན་འཁུར་རིང་། སྔ་རྗེས་སུ་གྱོད་འབྲེལ་མ་དངུལ་ལག་བསྟར་ཐེངས་བཅུ་བྱེད་པའི་བརྒྱུད་རིམ་ཁྲོད་རང་དགར་སྒྲིག་འགལ་ངང་རེ་ཞུ་བྱེད་མཁན་དང་འབྲེལ་བ་མེད་པའི་གྱོད་གཞི་གཞན་དག་གི་རེ་ཞུ་པར་ལག་བསྟར་མ་དངུལ་སྤྲད་པ་དང་། གྱོད་འབྲེལ་མ་དངུལ་བསྡོམས་སྒོར་ཁྲི་263ལྷག་ཙམ་ཟིན་ནས་ཁྲིམས་ཐག་གཅོད་པ་དང་འཁྲུན་ཐག་གཅོད་སྐབས་འགན་དབང་གང་བྱུང་དུ་སྤྱད་པའི་ནག་ཉེས་བསགས་ཡོད།

    2018ལོའི་ཟླ་1ཚེས་22ཉིན་ལྷ་ས་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱིས་ཚེ་ཆེ་གེ་མོར་གྱོད་ཐོ་བཀོད་ནས་ཞིབ་བཤེར་བྱེད་པ་དང་འབྲེལ་ཟུར་འཇོག་བྱེད་ཐབས་སྤྱོད་རྒྱུའི་ཐག་བཅད། ཟླ་2ཚེས་13ཉིན་ལྷ་ས་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱི་གདན་ཞུ་ལྟར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ལས་ཐོག་ཉེས་གསོག་ཞིབ་དཔྱོད་པུའི་ལས་བྱེད་ཉེན་རྟོག་པ་བཏང་སྟེ་གྱོད་གཞི་ཞིབ་བཤེར་ཁྲོད་ཞུགས་པ་དང་། གྱོད་གཞིའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་རྗེས་གྱོད་གཞིའི་ངོ་བོ་གཏན་འཁེལ་དང་། བཅའ་ཁྲིམས་སྤྱོད་རྒྱུར་འཚམ་པ། དཔང་རྟགས་འཚོལ་ཞིབ་བྱ་རྒྱུར་སྣེ་ཁྲིད་དང་དཔང་རྟགས་གཙོ་བོ་གཏན་འཁེལ་སོགས་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ཟླ་2ཚེས་14ཉིན་ལྷ་ས་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱིས་གྱོད་གཞི་དེ་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད། ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྤྲོད་བྱས་རྗེས་གྱོད་གཞིའི་དཔང་རྟཌ་ལ་སྔར་བས་ཞིབ་བཤེར་དབྱེ་ཞིབ་བྱས་པ་དང་འབྲེལ། ཉེས་གསོག་དོགས་ཅན་ལ་འདྲི་རྩད་བྱས་པ་དང་ཞིབ་བཤེར་འཛིན་བཟུང་བསམ་འཆར་ཡི་གེ་བཟོ་བ་སོགས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་ཏེ་ཉིན་དེ་རང་དུ་ཉེས་གསོག་དོགས་ཅན་ཚེ་ཆེ་གེ་མོ་བཙན་འདོམས་ངང་འཛིན་བཟུང་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་འབྲེལ་ཁྱབ་བསྒྲགས་བྱས། མིག་སྔར་གྱོད་གཞི་དེར་སྔར་བས་ཞིབ་བཤེར་དང་ཞུ་གཏུག་བྱེད་བཞིན་ཡོད་པ་རེད།

    རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་རྒྱལ་ཡོངས་ཁྱབ་ཁོངས་སུ་སྔར་བཞིན་ཚོད་ལྟ་བྱེད་བཞིན་ཡོད་པར་བརྟེན། གྱོད་གཞི་བདག་སྤྲོད་བྱས་རྗེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ལས་ཐོག་ཉེས་གསོག་གི་ཞིབ་དཔྱོད་པུའི་ལས་སྒོའི་རྐང་འཛིན་འདེམས་གཏོང་གིས་ཞིབ་དཔྱོད་དཔོན་གྱི་གྱོད་སྒྲུབ་ཚོགས་ཆུང་བཙུགས་ཏེ་རང་འགུལ་ངང་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་དབར་མཐུན་སྦྱོར་བྱས་ནས་གྱོད་གཞི་ཞིབ་བཤེར་འཛིན་བཟུང་དང་ཞུ་གཏུག་གི་ལས་དོན་ཡག་པོ་སྒྲུབ་ཡོད་པ་རེད། ཁང་དེས་གྱོད་སྒྲུབ་ཞིབ་དཔྱོད་དཔོན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི《རྒྱལ་ཡོངས་ས་གནས་ཁག་ཏུ་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཚོད་ལྟའི་ལས་དོན་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》ཀྱི་དགོངས་དོན་དང་། ནང་སའི་སྔོན་ལ་ཚོད་ལྟ་བྱ་ཡུལ་ཞིང་ཆེན་གྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་གྱོད་གཞི་ཞིབ་བཤེར་ནན་པོ་བྱས་ཤིང་བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ལས་དོན་སྤེལ་བ་མ་ཟད། བློ་ཁོག་ཆེན་པོས་ལག་བསྟར་བྱེད་པ་དང་དོན་དངོས་དང་མཐུན་པའི་ལས་ཀའི་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ཐོག གྱོད་གཞི་དེ་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་པའི་གྱོད་གཞིར་འགྱུར་བ་བྱེད་དགོས། ལྟ་ཞིབ་གྱོད་སྒྲུབ་གཞོཌ་འདེཌ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གྱོད་སྒྲུབ་ཉམས་མྱོང་གསོག་འཇོག་བྱེད་པ་བཅས་བྱས་ཏེ་ནུས་པ་ལྡན་པ་དང་། དོན་དངོས་དང་མཐུན་པ། དཔྱད་གཞིར་འཛིན་ཆོག་པ། ཁྱབ་གདལ་གཏོང་ཆོག་པ་བཅས་ཀྱི་ལས་ཀའི་དཔེ་དབྱིབས་དང་བྱ་ཐབས་ཤིག་ལ་ཆགས་པ་བྱས་ནས། ལས་ཐོག་ཉེས་གསོག་ལ་སྔར་བས་རྡུང་རྡེག་ནན་པོ་བཏང་སྟེ་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་གྱི་ཚོད་ལྟའི་ལས་དོན་ཡག་པོ་བསྒྲུབ་ཆེད་བློ་ཡིད་ཚིམ་པའི་དྲི་ལན་ཞིག་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།