[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་བདེ་སྲུང་རུ་ཆེན་གྱིས་རོལ་རྩེད་ཁང་གི་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    WX0305P03.jpg

    འདི་ནི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་རོལ་རྩེད་ཁང་དུ་བདེ་འཇགས་ཀྱི་ཞིབ་བཤེར་ཆེན་པོ་བྱེད་པའི་གནས་ཚུལ་ཡིན་པ།

    ཉེ་ཆར། སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་བདེ་སྲུང་རུ་ཆེན་གྱིས་ཉེས་དོན་ཉེན་རྟོག་རུ་ཆེན་དང་ལྟ་སྐུལ་ཞིབ་བཤེར་རུ་ཆེན་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་རོལ་རྩེད་ཁང་ལ་བདེ་འཇགས་ཞིབ་བཤེར་ཆེན་པོ་བྱས་པ་རེད།

    ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ནང་སྣ་དཀར་རྩེ་རྫོང་བདེ་སྲུང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་རོལ་རྩེད་ཁང་ཁག་ཏུ་བསྐྱོད་ནས་གཉེར་སྐྱོང་ལག་ཁྱེར་ཆ་ཚང་མིན་དང་། བདེ་སྲུང་བ་ཡོད་མེད། ཞབས་ཞུ་བ་གནས་སྡོད་ཐོ་བཀོད་བྱས་ཚུལ། མེ་ཟོན་སྒྲིག་ཆས་སྒྲིག་སྦྱོར་བྱས་མིན། “ཆགས་སྲེད་དང་། རྒྱན་འཛུགས། དུག་རྫས”ཀྱི་གནས་ཚུལ་ཡོད་མེད་སོགས་ཀྱི་ནང་དོན་ལ་ཞིབ་བཤེར་བྱས་པ་དང་འབྲེལ། རོལ་རྩེད་ཁང་གིས《རོལ་རྩེད་ཁང་གི་དོ་དམ་སྲོལ་ཡིག》བརྩི་སྲུང་ནན་པོ་བྱས་ཏེ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཚད་ལྡན་གཉེར་སྐྱོང་བྱེད་པ་ལས། དུས་བརྒལ་གཉེར་སྐྱོང་བྱེད་མི་ཆོག་པ་དང་བདེ་འཇགས་དང་ཉེས་དོན་གྱོད་གཞི་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཐེངས་འདིའི་ཞིབ་བཤེར་ལས་ཁོངས་གཏོགས་ཁུལ་གྱི་རོལ་རྩེད་ཁང་ཁག་གི་ཁྲིམས་སྲུང་གཉེར་སྐྱོང་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་བདེ་འཇགས་དོ་དམ་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་པ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་མེད་པར་བཟོས་ཏེ་སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་བཏོད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།