[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ལྷ་སའི“ལྔ་བདུན”བཅའ་ཁྲིམས་ཁྱབ་གདལ་གྱི《འཆར་འགོད》ངོ་སྤྲོད་བྱས་པ།

    ​ འགོ་ཁྲིད་ལས་བྱེད་པ་དང་གཞོན་ནུ་ལོ་ཆུང་ནི་བཅའ་ཁྲིམས་ཁྱབ་གདལ་གཏང་ཡུལ་གཙོ་བོ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

     བཅའ་ཁྲིམས་ཁྱབ་གདལ་ལས་དོན་ནི་རྨང་གཞིའི་རང་བཞིན་དང་། སྤྱི་ཚོགས་རང་བཞིན། ཕྱོགས་ཡོངས་རང་བཞིན། བརྒྱུད་རིམ་ལྡན་པའི་རང་བཞིན་བཅས་ཀྱི་འདུ་འགོད་ཅིག་རེད། 2017ལོའི་ཟླ་5ཚེས་8ཉིན་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས《གྲོང་ཁྱེར་གྱི་སྤྱི་དམངས་ཡོངས་ལ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་གུང་ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་ལོ་ལྔའི་འཆར་འགོད་བདུན་པ(2016—2020ལོ་བར)》(གཤམ་ལ《འཆར་འགོད》ཅེས་བསྡུ་རྒྱུ)བརྒྱུད་སྤེལ་བྱས་པ་རེད། ཟླ་12ཚེས་29ཉིན་ལྷ་ས་གྲོང་ཁྱེར་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《འཆར་འགོད》ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་རེད།

    གསར་འགོད་པར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལྔ་དྲུག”བཅའ་ཁྲིམས་ཁྱབ་གདལ་གྱི་ལོ་5ཡི་རིང་། ལྷ་ས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ནོར་སྲིད་དང་གྲོང་སྡོད་ཀྲུང་དབྱང་ཐད་གཏོགས་སྡེ་ཚན་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པ་བཅས་ཀྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་མ་དངུལ་སྒོར་ཁྲི་1500ལྷག་ཙམ་བཏང་ནས་ཁྲིམས་སྐྱོང་གི་འཆད་ཁྲིད་སྣ་ཚོགས་བྱས་པ་དང་། སྤྱི་ཚོགས་ཀྱི་གཅིག་སྡུད་ཁྲིམས་སྐྱོང་དྲིལ་བསྒྲགས་བློ་འདྲིའི་ཞབས་འདེགས་ཞུས་པ། ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་སྣ་ཚོགས་བཀྲམ་པ་སོགས་ལས་དོན་སྤེལ་བ་ལས་སློབ་གསོ་ཐོབ་མཁན་མི་གྲངས(མི་ཐེངས)ཁྲི་410ལྷག་ཙམ་ཟིན་ནས་གྲོང་ཁྱེར་དེའི་དངོས་སུ་ཡོད་པའི་མི་སྣར་ཁྲིམས་ལུགས་རྒྱུན་ཤེས་ཁྱབ་གདལ་གཏོང་ཚད་90%ཡན་ཟིན་ཡོད་པ་རེད། ལྷ་ས་གྲོང་ཁྱེར་ལ“རྒྱལ་ཡོངས་ཀྱི‘ལྔ་དྲུག’བཅའ་ཁྲིམས་ཁྱབ་གདལ་གྱི་དུས་དཀྱིལ་གྱི་སྔོན་ཐོན་གྲོང་ཁྱེར”དང“རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་སྔོན་ཐོན་གྲོང་ཁྱེར”གྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་པ་དང་བཅའ་ཁྲིམས་ཁྱབ་གདལ་གྱི་འཐབ་ཕྱོགས་དང་པོའི་ལས་དོན་པ་31ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་པ་རེད།

    《འཆར་འགོད》ནང་འདས་པའི་ལོ་5ཡི་རིང་གི་གྲུབ་འབྲས་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི“ལྔ་བདུན”བཅའ་ཁྲིམས་ཁྱབ་གདལ་གྱི་འཆར་འགོད་དང་ལྷ་ས་གྲོང་ཁྱེར་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཁག་6དང་ཕྱོགས་24ཡི་ནང་དོན་དང་ལས་འགན་གཙོ་བོ་10གཏན་འཁེལ་བྱས་ནས་འགོ་ཁྲིད་ལས་བྱེད་པ་དང་གཞོན་ནུ་ལོ་ཆུང“ལྔ་བདུན”བཅའ་ཁྲིམས་ཁྱབ་གདལ་གཏོང་ཡུལ་གལ་ཆེན་ལ་བརྩིས་པ་དང་ཆབས་ཅིག་ཞིང་འབྲོག་པ(གྲོང་མི)མང་ཚོགས་དང་། ཁེ་ལས་གཉེར་སྐྱོང་གི་དོ་དམ་མི་སྣ། ཕྱོགས་མི། དགོན་སྡེའི་གྲྭ་བཙུན་བཅས་ལ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏོང་བར་གཙོ་གནད་ཐོག་ཤུགས་སྣོན་རྒྱག་དགོས་ལུགས་བཏོན་ཡོད།

    སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་སྲུང་སྐྱོང་ལ་དམིགས་ནས་ཁྲིམས་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་སྤེལ་ཞིང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཉེས་ཁྲིམས་དང་། རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་སོགས་ཁྲིམས་ལུགས་དྲིལ་བསྒྲགས་ཤུགས་ཆེ་རུ་བཏང་བ་དང་། ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་དང་། ཁྲིམས་ལྟར་ཡིག་བསྐུར་ངོ་བཅར། ཁྲིམས་ལྟར་ཞུ་གཏུག་བྱེད་པ། ཁྲིམས་ལྟར་འདུམ་འགྲིག་སོགས་ལ་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་མང་ཚོགས་ཀྱིས་ཁྲིམས་ལྟར་ཁེ་ཕན་རེ་ཞུ་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

    ཁྲིམས་སྐྱོང་ལྷ་ས་འཛུགས་སྐྲུན་ལ་དམིགས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་ཞིང་། “ལྔ་བདུན”བཅའ་ཁྲིམས་ཁྱབ་གདལ་གཏོང་རིང་ལྷ་ས་གྲོང་ཁྱེར་གྱིས་ད་དུང་ཁྲིམས་སྐྱོང་གི་སྲིད་གཞུང་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་སྲིད་གཞུང་གི་བཅའ་ཁྲིམས་ཀྱི་བློ་འདྲིའི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་སྤྱི་དམངས་ཞུགས་པ་དང་། རིགས་གཅིག་མཁས་ཅན་གྱིས་རིགས་པས་ཁུངས་སྐྱེལ། ཉེན་ཁར་དཔྱད་དཔོག ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར། མཉམ་སྡེབ་གྲོས་བསྡུར་གཏན་འཁེལ་བཅས་སྲིད་འཛིན་ཐབས་ཇུས་གལ་ཆེན་གྱི་ཁྲིམས་བཀོད་ལས་རིམ་དུ་བརྩིས་པ་དང་། ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ཁྲིམས་འཛིན་ཡོངས་བསྒྲགས་ཧུར་ཐག་བྱས་པ་དང་འགན་འཁྲི་བདའ་འདེད་ཀྱི་ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱས་པ། ཁྲིམས་སྐྱོང་སློབ་གསོ་དང་ཀུན་སྤྱོད་སློབ་གསོ་ཟུང་འབྲེལ་དམ་ཟབ་བྱས་ནས་བཅའ་ཁྲིམས་དང་ཀུན་སྤྱོད་གཅིག་ལ་གཅིག་བརྟེན་དང་ཁྲིམས་སྐྱོང་དང་ཀུན་སྤྱོད་ཕན་ཚུན་སྤེལ་རེས་བྱ་རྒྱུ་མངོན་འགྱུར་ཐུབ་པ་བྱས་པ། ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏིབ་ཟབ་བཏང་ནས་མང་ཚོགས་རང་བཞིན་གྱི་ཁྲིམས་སྐྱོང་རིག་གནས་བྱེད་སྒོ་རྒྱུན་གཏན་ཅན་དང་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།