[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆུ་ཤུར་རྫོང་ཁྲིམས་ཁང་གིས་གནད་སྨིན་དབུལ་སྐྱོར་བྱུང་མིན་ལ་བརྟག་ཞིབ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    图为曲水县人民法院干警深入结对贫困户家了解情况。张黎黎_s.jpg

    འདི་ནི་ཆུ་ཤུར་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་ཆ་སྒྲིག་དུད་ཚང་དབུལ་པོའི་ཁྱིམ་དུ་གནས་ཚུལ་ཤེས་རྟོགས་བྱེད་པ།

     ཉེ་ཆར། ཆུ་ཤུར་རྫོང་མི་དམངས་ཁྲིམས་ཁང་གིས་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་ཁག་སོ་སོ་དང་དུས་ཚོད་བགོས་ཏེ་ས་སྨད་གྲོང་ཚོ་དང་དུས་བཞི་བདེ་སྐྱིད་གྲོང་ཚོ་གསར་པའི་ཆ་སྒྲིག་དུད་ཚང་37དུ་བསྐྱོད་ནས་གནད་སྨིན་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་ཤེས་རྟོགས་བྱུང་མིན་ལ་བརྟག་ཞིབ་བྱས་པ་དང་འབྲེལ་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ཀྱང་བྱས་པ་རེད།

    ལས་བྱེད་ཉེན་རྟོག་པས་ཆ་སྒྲིག་དུད་ཚང་དུ་དུད་ཚང་དབུལ་པོའི་དོན་དངོས་གནས་ཚུལ་དང་ནང་མིའི་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། གནད་སྨིན་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ལས་དོན་ཏན་ཏིག་སྤེལ་བ། ཆ་སྒྲིག་རོགས་སྐྱོར་དུད་ཚང་གིས་སྲིད་ཇུས་ཤེས་བྱ་སྔར་བས་རྒྱུས་མངའ་བྱེད་པ། དུད་ཚང་དབུལ་པོ་དང་རོགས་སྐྱོར་བྱེད་མཁན་བར་གྱི་བརྩེ་སེམས་ཟབ་ཏུ་གཏོང་བ་བཅས་བྱས་ནས་གོམ་སྟབས་རྗེས་མའི་གནད་སྨིན་དབུལ་སྐྱོར་ལས་དོན་ལེགས་པར་སྤེལ་རྒྱུར་རྨང་གཞི་ཡག་པོ་ཞིག་བཏིངས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།