[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་སའི་སྤྱི་བདེས་གྱོད་གཞི་རྩད་ཆོད་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    2017ལོར་ཉེས་དོན་གྱོད་གཞི་1265རྩད་ཆོད་ནས་གྱོད་གཞི་རྩད་ཆོད་ཚད་55.9%ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་གྲངས་4.9མཐོ་རུ་ཕྱིན་ཡོད། བདེ་འཇགས་གྱོད་གཞི་1612ཞིབ་བཤེར་བྱས་པ་དང་ཞིབ་བཤེར་ཐུབ་ཚད་99%ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་གྲངས་10མཐོ་རུ་ཕྱིན་ཡོད། ལོ་ཧྲིལ་པོར་ནག་ཚོགས་6མེད་པར་བཟོས་ནས་ཉེས་གསོག་དོགས་ཅན་34འཛིན་བཟུང་བྱས་པ་དང་བཙོག་དངུལ་དང་བཙོག་དངོས་སྣ་ཚོགས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་63.26ཚུར་བསྡུས་ཡོད། གློག་འཕྲིན་ཁ་བསླུས་གྱོད་གཞི་167རྩད་ཆོད་དེ་ཁྲིམས་འགལ་ཉེས་གསོག་དོགས་ཅན་9འཛིན་བཟུང་བྱས་པ་དང་མ་དངུལ་སྒོར་ཁྲི་748ལྷག་ཙམ་གཏོང་སྤྲོད་མཚམས་འཇོག་དང་མ་དངུལ་སྒོར་ཁྲི་2169ལྷག་ཙམ་བཀག་འཇོག་བྱས་ཡོད། 2018ལོའི་ཟླ་1ཚེས་2ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་2017ལོའི་ལོ་མཇུག་དང་2018ལོའི་ལོ་འགོའི་སྤྱི་ཚོགས་བདེ་འཇགས་དུས་བབ་ཀྱི་གསར་འགྱུར་ཡོངས་བསྒྲཌ་ཚོགས་འདུའི་ཐོག གྲངས་གཞི་དེ་ཡོངས་བསྒྲཌ་བྱས་མ་ཐག ཚོགས་ཞུཌ་སྨྱན་སྦྱོར་གྱི་དོ་སྣང་ཆེན་པོ་བྱུང་ཡོད། གྲངས་གཞི་དེ་རག་ཆེད་ལྷ་སའི་སྤྱི་བདེས་ལས་དོན་འབོར་ཆེན་བསྒྲུབས་པ་ཚང་མས་ཤེས་ཐུབ།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཨུ་ཡོན་དང་། ཅུས་ཀྲང་གཞོན་པ། གསར་འགྱུར་མགྲིན་ཚབ་པ་བཅས་ཡིན་པའི་ཧྲན་ཏེ་ཅུན་གྱིས་2017ལོར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ཟིལ་གྱིས་གནོན་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས། མི་དམངས་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བཤད།

    རྡུང་རྡེག་དང་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་བ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་དོན་མྱུལ་ཞིབ་དང་། དཔལ་འབྱོར་མྱུལ་ཞིབ། དུག་འགོག་བཅས་དང་དེ་བཞིན་ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་དང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཅས་ཀྱི་ཕྱོགས་ཁག་གི་ཉེན་རྟོག་པ་བསྡུ་སྒྲིལ་བྱས་ནས“རྡུང་རྡེག་གསུམ་དང་བཅོས་སྒྲིག་གཅིག”གི་ཆེད་དོན་བྱ་སྤྱོད་དང“ཁྲོམ་གཞུང་གི་ཁྲིམས་འགལ་ཉེས་གསོག་རྡུང་རྡེག་དང་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། ཕྱོགས་ཡོངས་དང་ཉིན་མཚན་བསྟུད་མར་ཁུངས་སྣེ་གྲལ་བཤེར་བྱས་པ། གྱོད་གཞི་མཉམ་དུ་རྩད་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། བརྟན་ལྷིང་མེད་པའི་མངོན་མེད་རྐྱེན་ངན་སྣ་ཚོགས་ཞིབ་བཤེར་དང་དཔྱད་ཞིབ་བྱས་པ། གྱོད་གཞི་ཆེ་གྲས་ཀྱི་ཁུངས་སྣེར་ཉེན་རྟོག་པ་ཧྲག་པོ་གཅིག་སྡུད་བྱས་ནས་ཆེད་དོན་གྱོད་གཞིར་མྱུལ་ཞིབ་བྱས་ཏེ་གྱོད་གཞི་མགྱོགས་མྱུར་ངང་རྩད་གཅོད་དང་། ཞིབ་བཤེར། ཐག་གཅོད་བཅས་བྱས་ཡོད།

    དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་བཏང་བ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ས་ཆ་བསྡུ་ལེན་དང་བཤིག་སྤོ་དང་། གཏེར་ཐོན་གསར་སྤེལ། ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ། ངལ་རྩོལ་གླ་ཆའི་རྩོད་གཞི། དབྱར་རྩྭ་དགུན་འབུ་ཉོ་ཚོང་གི་རྩོད་གཞི། དངུལ་རྩའི་ཁ་བསླུས་སོགས་ཀྱི་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེས་གསོག་ལ་གཙོ་གནད་ཐོག་དམིགས་ཏེ་རྒྱུན་མཐུད་ངང་ཁུངས་སྣེ་གྲལ་བཤེར་དང་རྡུང་རྡེག་དང་བཅོས་སྒྲིག་ལས་དོན་སྤེལ་ཡོད།

    བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་ལས་དོན་སྤེལ་བ། བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། སྲིད་གཞུང་བཅས་ཀྱིས་གཏན་འཁེལ་བྱས་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། འགྲིམ་འགྲུལ་ཉེན་རྟོག་དང་། བདེ་འཇགས། མེ་ཟོན། དུག་འགོག་སོགས་སྡེ་ཚན་གྱིས་ལས་འགན་དང་འགན་འཁྲི་ཁག་བགོས་ལ་གཞིགས་ནས་འགྲིམ་འགྲུལ་དང་། མེ་ཟོན། མེ་མདའ་དང་མདེའུ། ཤོག་སྦག ཉེན་ཡོད་རྫས་འགྱུར་དངོས་རྫས། དོ་དམ་བྱེད་ཁོངས་སུ་ཚུད་པའི་གྲི་ཆས་སོགས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ཡོད། ལྷག་དོན་དུ་གྲོང་ཁུལ་རྙིང་པ་དང་། གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ། ཚོང་ར་ཆེ་གྲས། སྨན་ཁང་། སློབ་གྲྭའི་ཉེ་འཁོར་སོགས་ཀྱི་མི་སྣ་འདུ་འཛོམས་ཁུལ་ལ་དམིགས་ནས་མེ་ཟོན་དང་། བདེ་འཇགས་ལྟ་སྐུལ། ཁྲོམ་གཞུང་དོན་གཅོད་ཁང་། ཁོངས་གཏོགས་ཁུལ་གྱི་གྲོང་ལྷན། དགོན་སྡེ་དོ་དམ་ཨུ་ལྷན་སོགས་སྡེ་ཚན་དང་མཐུན་སྦྱོར་གྱིས་མཉམ་དུ་བདེ་འཇགས་ཞིབ་བཤེར་བྱས་ཡོད།

    སྤྱི་བདེའི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ། སྤྱི་བདེའི་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད།

    གཞན་ཡང་ཐེམ་ཐོའི་ལམ་ལུགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ལས་དོན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལྷ་ས་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་པའི་ཐེམ་ཐོ་དང་ཞིང་པ་མིན་པའི་ཐེམ་ཐོའི་ངོ་བོ་དབྱེ་རྒྱུ་ཕྱོགས་ཡོངས་ནས་མེད་པར་བཟོས་པ་དང་། ཐེམ་ཐོ་བདག་གཉེར་གྱི་ཚེ་གང་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་པ། སྡོད་གནས་ལག་ཁྱེར་གཉེར་བའི་ལམ་ལུགས་ཕྱོགས་ཡོངས་ནས་སྤེལ་བ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་ནང་ཁུལ་གྱི་ཐེམ་ཐོ་བསྒྱུར་བ་དང་དྲ་ཐོག་བརྒྱུད་བཤུག་དང་ཞིབ་དཔྱད་ལས་དོན་སྤེལ་བ། གྲོང་ཁྱེར་ཡོངས་སུ་ཐེམ་ཐོ་གཙང་བཤེར་ལས་དོན་སྤེལ་ནས་ཐེམ་ཐོ་མེད་མཁན་གྱིས་ཐེམ་ཐོ་ཐོ་འགོད་བྱེད་པའི་གནད་དོན་ཐག་གཅོད་བྱས་པ་དང་། ཐེམ་ཐོ་9487དང་མི་22203ཞིབ་བཤེར་བྱས་པ་དང་མི་1639ལ་ཐེམ་ཐོ་ཁ་གསབ་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་ཐེམ་ཐོ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།

    ཡོངས་བསྒྲགས་ཚོགས་འདུའི་ཐོག ཧྲན་ཏེ་ཅུན་གྱིས་སྨྱན་སྦྱོར་གྱིས་དོ་ཁུར་བྱེད་པའི་2017ལོའི་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཀྱི་དུས་བབ་དང་། འགྲོ་ལམ་འགྲིམ་འགྲུལ་དོ་དམ་གྱི་ལས་དོན་སྤེལ་ཚུལ། གློག་འཕྲིན་དྲ་རྒྱའི་ཁ་བསླུས། 2018ལོའི་སྤྱི་བདེ་ལས་དོན་སོགས་ཀྱི་གནད་དོན་ལ་ལན་རེ་རེ་བཞིན་བརྒྱབ་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།