[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས《གཏན་འབེབས》བཀྲམ་ནས་བོད་སྐྱོར་ལས་བྱེད་པ་ཧྥང་ཅིན་ཀང་ལ་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་གིས《ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་ཧྥང་ཅིན་ཀང་ལ་སློབ་སྦྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་གཏན་འབེབས》བཀྲམ་ནས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་སྒྲིག་འཛུགས་ནན་ཏན་བྱས་ནས་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་ཧྥང་ཅིན་ཀང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་རྒྱུའི་བླང་བྱ་བཏོན་པ་རེད།

    《གཏན་འབེབས》ནང་བསྟན་དོན། 2010ལོ་ནས་2013ལོའི་བར་ཧྥང་ཅིན་ཀང་གིས་རྩ་འཛུགས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ་རང་མོས་ངང་རེ་འདུན་ཞུས་པ་བརྒྱུད། ས་བབ་མཐོ་ལ་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་ལ་དཀའ་ངལ་ཆེ་བའི་བོད་དུ་ལོ་གསུམ་རིང་གི་བོད་སྐྱོར་ལས་དོན་བསྒྲུབས་པ་རེད། བོད་སྐྱོར་བྱེད་རིང་། ཁོང་གིས་རང་ངོས་ཀྱི་ལས་སྒོའི་ཁྱད་ཆོས་ལ་བརྟེན་ནས་འདྲི་གཅོད་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པས《ཁྲིམས་ར་མ་འཚོག་གོང་གི་གྲ་སྒྲིག་ཚོགས་འདུའི་ལམ་ལུགས》དང་། 《དཔང་པོ་ཁྲིམས་རར་ཡོང་བའི་སྔོན་ཇུས》《ཁྲིམས་རའི་དཔྱད་མཚམས་ཁྱབ་བསྒྲགས་ཀྱི་སྔོན་ཇུས》སོགས་ཕུགས་ཕན་ལམ་སྲོལ་གྲུབ་པ་དང་། ལྗོངས་ཡོངས་སུ་ཁྲིམས་རའི་འདྲི་ཞིབ་ལམ་སྲོལ་ཚད་ལྡན་དུ་གཏོང་བ་དང་། ཁྲིམས་རའི་འདྲི་ཞིབ་ཀྱི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་བ། འདྲི་གཅོད་ཀྱི་སྤྱི་མོས་ཐོབ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐད་ལས་ཀ་འབོར་ཆེན་བསྒྲུབས་ཡོད།

    《གཏན་འབེབས》ནང་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་ཁྲིམས་ཁང་གི་རྒྱ་ཆེའི་ལས་བྱེད་ཉེན་རྟོག་པས་ཧྥང་ཅིན་ཀང་མིག་དཔེར་འཛིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་ཟོལ་མེད་ངང་སྒྲུབ་པ། དུས་རབས་གསར་པའི་དམངས་ཆེད་དྲང་བདེན་སྐྱོང་བའི་ཁྲིམས་དཔོན་ཡག་པོ་དང་འགན་འཁུར་ཕོད་པའི་ལས་བྱེད་པ་ཡག་པོ་བཅས་བྱེད་པའི་སྒོ་ནས་ཁྲིམས་འཛིན་གྱོད་གཞི་ཚང་མའི་ནང་མི་དམངས་མང་ཚོགས་ལ་དྲང་གཞག་དང་དྲང་བདེན་ཚོར་ཐུབ་པ་བྱེད་དགོས། ཧྥང་ཅིན་ཀང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་དང་། འདྲི་གཅོད་ལག་བསྟར་དང་། ཁྲིམས་འཛིན་སྒྱུར་བཅོས། ཏང་སྲོལ་སྲིད་གཙང་། དཔུང་ཁག་འཛུགས་སྐྱོང་སོགས་ལས་དོན་ཁག་དང་ཟུང་འབྲེལ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་སྐྱོང་བོད་ལྗོངས་སྐྲུན་པའི་རླབས་ཆེན་ལག་ལེན་ནང་ཧུར་ཐག་ཞུགས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པ་བཅས་བྱ་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།