[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་ཀྱི་ཁྲིམས་འཛིན་མི་སྣས་འཛད་སྤྱོད་པ་དང་མཉམ་དུ་འགྲན་བསྡུར་ལ་ཞུགས་ཏེ་སྤྱི་ཚོགས་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    yuanhx7c379_s.jpg

    འདི་ནི་2017ལོའི་ཟླ་12ཚེས་29ཉིན་རང་སྐྱོང་ལྗོངས་བཟའ་བཅའ་བདེ་འཇགས་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པའི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ཤེས་བྱའི་འགྲན་བསྡུར་སྤེལ་ཡུལ་ཡིན་པ།

    ཉེ་ཆར། རང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་གྱི་བཟའ་བཅའ་བདེ་འཇགས་ཀྱི་བཅའ་ཁྲིམས་ཤེས་བྱའི་འགྲན་བསྡུར་ལྷ་སར་སྤེལ་བ་དང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7གྱི་འཐུས་མི་རུ་ཁག་ད་ཐེངས་ཀྱི་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་དེ་ནི་རང་སྐྱོང་ལྗོངས་བཟའ་བཅའི་བདེ་འཇགས་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་། 2017ལོའི་ཟླ་10པ་ནས་བྱེད་སྒོ་སྤེལ་ཚུན། རིམ་པ་བཞིན་གདམ་གསེས་བྱས་པ་བརྒྱུད་མཐར་ས་ཁུལ་དང་གྲོང་ཁྱེར་7གྱི་ཕུལ་བྱུང་འདམས་ཐོན་པ་28མཐའ་བསྡུར་ནང་བདེ་བླག་ངང་ཚུད་པ་རེད། འཐུས་མི་རུ་ཁག་ཁག་བཟའ་བཅའི་བདེ་འཇགས་ཁྲིམས་འཛིན་མི་སྣ་དང་། མཐུན་ཚོགས་ཀྱི་མི་སྣ། ཁེ་ལས་ཀྱི་མི་སྣ་དང་དེ་བཞིན་འཛད་སྤྱོད་པའི་འཐུས་མི་བཅས་ལས་གྲུབ་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་བྱེད་སྒོ་སྤེལ་དོན་ནི་རྒྱལ་ཡོངས་དང་སྤྱི་ཚོགས་ཡོངས་སུ་བཟའ་བཅའི་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བ་བྱ་རྒྱུ་མ་ཟད། བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲིའི་ལམ་ལུགས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲིའི་འདུ་ཤེས་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་བསམ་པ་ཟབ་ཏུ་གཏོང་རྒྱུ། བཟའ་བཅའི་ལས་ལ་ཞུགས་མཁན་གྱིས་ཁྲིམས་སྦྱོང་དང་། ཁྲིམས་ཤེས། ཁྲིམས་སྲུང་བཅས་ཀྱི་འདུ་ཤེས་དང་ལས་རིགས་མཐུན་ཚོགས་ཀྱི་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་ཐུབ་པ་བྱས་ཏེ་འཛད་སྤྱོད་པ་དེ་བས་མང་བ་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཚོགས་མཉམ་བཅོས་ནང་ཞུགས་རྒྱུའི་ཡིད་དབང་འགུག་རྒྱུ་དེ་རེད།

    རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཅུས་ཀྱི་ཏང་ཙུའི་ཁོངས་མི་ཅུས་ཀྲང་གཞོན་པ་ཡུས་ཧྥེས་ད་ཐེངས་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ཤེས་བྱའི་འགྲན་བསྡུར་དེ་ནི་དྲིལ་བསྒྲགས་བྱ་ཐབས་མང་པོའི་གྲས་ཤིག་རེད། དམིགས་ཡུལ་གཙོ་བོ་ནི་སྤྱི་དམངས་ཀྱིས《བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》གསར་པ་ཤེས་རྟོགས་ཐུབ་ཤུགས་ཆེ་རུ་གཏོང་རྒྱུ་དང་དུས་མཚུངས་ལྟ་སྐུལ་དོ་དམ་མི་སྣས་ཁྲིམས་བཞིན་སྲིད་འཛིན་དང་ཁྲིམས་བཞིན་ཁྲིམས་འཛིན་གྱི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་ཆེད་རེད། ད་དུང་འགྲན་བསྡུར་ཁྲོད་གདམ་གསེས་བྱས་པའི་ཕུལ་བྱུང་བདམས་ཐོན་པ་རྣམས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་དང་བཟའ་བཅའི་བདེ་འཇགས་ཀྱི་བཅའ་ཁྲིམས་ཤེས་བྱའི་རྒྱལ་ཡོངས་ཀྱི་སྤྱིའི་མཐའ་བསྡུར་ནང་ཞུགས་རྒྱུ་རེད་ཅེས་གསར་འགོད་པར་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།