[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན(དུས་བདེ་འཛུགས་སྐྱོང)གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    469023_yis_1515127821666_s.jpg

    ཉེ་དུས། ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀའི(དུས་བདེ་འཛུགས་སྐྱོང)གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སོགས་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་མཁན་གྱི་འཐུས་མིར་བྱ་དགའ་གནང་བའི་གནས་ཚུལ་ཡིན་པ།

        ཉེ་ཆར་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན(དུས་བདེ་འཛུགས་སྐྱོང)གྱི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ལས་འགན་གཙོ་བོ་ནི་གྲུབ་འབྲས་ཕྱོགས་སྡོམ་དང་། སྔོན་ཐོན་ལ་གཟེངས་བསྟོད། ཉམས་མྱོང་སྤེལ་རེས། ལས་དོན་བཀོད་སྒྲིག་བཅས་བྱ་རྒྱུ་དང་འབྲེལ《2018ལོ་ནས་2020ལོ་བར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་འགན་འཁྲིའི་ཡི་གེ》འཇོག་རྒྱུ་དེ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གྲོང་ཁྱེར་དང་ས་ཨུད་ཁག་དང་སྲིད་འཛིན་ཀུང་ཧྲུའུ(སྲིད་གཞུང)དང་འགན་འཁྲིའི་ཡི་གེ་བཞག་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་ཡོད་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཧོ་ཝུན་ཧའོ་ཡིས་གསུང་བཤད་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། ཙེང་དབན་མིང་། ཅང་ཅེ། པད་མ་དབང་འདུས་བཅས་ཚོགས་འདུར་ཕེབས་པ་རེད། 

    ཧོ་ཝུན་ཧའོ་ཡིས་འདས་ཟིན་པའི་ལོ་དེའི་ནང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཚན་གྱིས་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པར་བརྟེན། ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན(དུས་བདེ་འཛུགས་སྐྱོང)གྱི་བསམ་ཕྱོགས་དེ་བས་ཁ་གསལ་དང་། གཞི་རིམ་བཅོས་སྐྱོང་དེ་བས་ཞིབ་ཚགས། ཚན་རྩལ་སྤྱོད་ཚད་དེ་བས་ནུས་ལྡན། འགུལ་རྣམ་དོ་དམ་དེ་བས་ཚན་རིག་དང་མཐུན་པ། འགལ་ཟླ་སེལ་རྒྱུར་དེ་བས་ཕན་འབྲས་ཐོན་པ། མང་ཚོགས་བློ་ཡིད་ཚིམ་ཚད་དེ་བས་ཆེ་རུ་ཕྱིན་པ་བཅས་བྱུང་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་སུ་འགྱུར་བའི་ཆུ་ཚད་སྔར་བས་ཆེ་རུ་ཕྱིན་པ་མ་ཟད། ཁྲིམས་སྐྱོང་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་བསྐྲུན་པའི་ཆུ་ཚད་དེ་བས་མཐོ་རུ་ཕྱིན་ཡོད་ཅེས་གསུངས། 

    ཧོ་ཝུན་ཧའོ་ཡིས་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་གནས་བབ་གལ་ཆེན་གནད་འཁེལ་སྟངས་འཛིན་དང་། ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་དམིགས་ཚད་ལས་འགན་གནད་འཁེལ་སྟངས་འཛིན། ཕྱོགས་བསྡུས་བཅོས་སྐྱོང་གི་ལས་ཀའི་སྤྱིའི་བླང་བྱ་གནད་འཁེལ་སྟངས་འཛིན་བཅས་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་ཀའི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི“ཅན་བཞི་འཛུགས་སྐྱོང”ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས“སྔོན་འགོག་གསུམ་གྱི་ནུས་པ”ཆེ་རུ་གཏོང་བ། “ཐུན་མོང་གསུམ་རྣམ་པ”འཛུགས་སྐྱོང་ཤུགས་སྣོན་རྒྱག་དགོས་པ་དང་། ལྟེ་བར་དམ་པོར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། བརྟན་ལྷིང་སྲུང་སྐྱོང་ལ་དམ་འཛིན་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་རྒྱུའི་འགན་ལེན་བྱེད་དགོས་པ། གསར་གཏོད་ལ་དམ་འཛིན་བྱས་ནས་རང་ལྗོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན(དུས་བདེ་འཛུགས་སྐྱོང)གྱི་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ། གཙོ་གནད་ལ་དམ་འཛིན་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན(དུས་བདེ་འཛུགས་སྐྱོང)གྱི་འགག་རྩའི་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་དགོས་པ། རྨང་གཞི་ལ་དམ་འཛིན་བྱས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན(དུས་བདེ་འཛུགས་སྐྱོང)གྱི་རྩ་བའི་རྨང་གཞི་རྒྱུན་ཆད་མེད་པར་དམ་འཛིན་བྱེད་དགོས་པ། དཔུང་ཁག་ལ་དམ་འཛིན་བྱས་ནས་ཕྱོགས་ཡོངས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན(དུས་བདེ་འཛུགས་སྐྱོང)གྱི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ། འགོ་ཁྲིད་ཀྱི་འགན་འཁྲིའི་མ་ལག་དང་བྱ་དགའ་ཆད་གཅོད་ཀྱི་ལས་དོན་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་ཡོངས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན(དུས་བདེ་འཛུགས་སྐྱོང)ལ་ཤུགས་སྣོན་རྒྱག་རྒྱུར་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།