[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རྒྱལ་རྩེ་རྫོང་ཁྲིམས་ཁང་གི་ཁྱིམ་དོན་འདྲི་གཅོད་ཕྱོགས་བསྡུས་རོགས་རེས་ལས་སྟེགས་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-26

    yuanhx7c173.jpg

    འདི་ནི་རྒྱལ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྱིམ་དོན་བར་འདུམ་པར་གདན་ཞུའི་ཡི་གེ་སྤྲོད་པའི་གནས་ཚུལ་ཡིན་པ།

    ཉེ་ཆར། རྒྱལ་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་ཁྱིམ་དོན་འདྲི་གཅོད་ཁྲིམས་རའི་སྒོ་བྱང་བཀལ་བ་དང་ཆབས་ཅིག་ཁྱིམ་དོན་འདྲི་གཅོད་ཕྱོགས་བསྡུས་རོགས་རེས་ལས་སྟེགས་སྤྱོད་འགོ་ཚུགས་པ་རེད། འགོ་ཚུགས་མཛད་སྒོའི་ཐོག་རྒྱལ་རྩེ་རྫོང་མི་དམངས་འཐུས་ཚོགས་དང་ཁྲིམས་ཁང་གི་འགོ་ཁྲིད་ཀྱིས་རྒྱལ་རྩེ་རྫོང་མི་དམངས་ཁྲིམས་ཁང་ཁྱིམ་དོན་ཁྲིམས་རའི་སྒོ་བྱང་བཀལ་བ་དང་ཆབས་ཅིག་ཁྱིམ་དོན་བར་འདུམ་པའི་འཐུས་མིར་གདན་ཞུའི་ཡི་གེ་སྤྲད་པ་དང་། རྒྱལ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་མཉམ་བཞུགས་ཁོངས་མིའི་ཚན་པ་དང་ཤང་གྲོང་ཁག་གིས《རྒྱལ་རྩེ་རྫོང་གི་ཁྱིམ་དོན་རྩོད་གཞི་ཕྱོགས་མང་མཉམ་འབྲེལ་ཐོག་སེལ་བའི་ལམ་སྲོལ》ལ་ཐུན་མོང་ཐོག་མིང་རྟགས་བཀོད་པ་དེ་ཐོག་ནས་ཁྱིམ་དོན་འདྲི་གཅོད་ཕྱོགས་བསྡུས་རོགས་རེས་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།