[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • བོད་ཀྱི་དུག་འགོག་སྡེ་ཚན་གྱིས“དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-14

    “6·1”《དུག་འགོག་བཅའ་ཁྲིམས》ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ལོ་བཅུ་བཞི་འཁོར་བའི་དྲན་གསོའི་ཉིན་མོར། རང་ལྗོངས་ཀྱི་རིམ་ཁག་དུག་འགོག་སྡེ་ཚན་གྱིས་བྱེད་ཐབས་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་དུག་འགོག་དྲིལ་བསྒྲཌ་བྱེད་སྒོ་སྤེལ་བ་དེ་ཐོག་ནས་རང་ལྗོངས་སུ“དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲཌ་ཟླ་བའི་བྱེད་སྒོ”དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད།

    自治区禁毒办(2430921)-20220607144808s_s.jpg

    ལྷ་ས།

    ལྷ་ས་གྲོང་ཁྱེར་དུག་འགོག་གཞུང་ལས་ཁང་གིས“6·1”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་གོ་སྐབས་དང་བསྟུན་ནས། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་བསྐྱོད་དེ་གཞོན་ནུ་ལོ་ཆུང་ལ་དུག་འགོག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་སློབ་གྲྭར་ཡོད་པའི་དགེ་སློབ་དང་སློབ་མའི་ཁྱིམ་བདག་ལ་དུག་འགོག་གི་དྲིལ་བསྒྲགས་དཔྱད་ཡིག་དང་དུག་འགོག་གི་དྲིལ་བསྒྲགས་ཐོན་རྫས་སྤྲད་པ་མ་ཟད། དུག་རྫས་ཀྱི་འདྲ་བཟོས་དངོས་དཔེ་འགྲེམས་སྟོན་དང་དྲིལ་བསྒྲགས་དཔྱད་ཡིག་འགྲེལ་བཤད་ཀྱང་བྱས་པ་རེད། སློབ་གྲྭར་འགྲོ་མུས་ཀྱི་དགེ་སློབ་དང་སློབ་མའི་ཁྱིམ་བདག་ཚོར་དུག་རྫས་ཀྱི་ཤེས་བྱ་དང་། དུག་རྫས་ཀྱི་གནོད་པ། དུག་རྫས་གཏན་འགོག་གི་བཅའ་ཁྲིམས་དང་ཁྲིམས་སྲོལ། རང་ངོས་ཀྱི་དུག་འགོག་འདུ་ཤེས་ཟབ་ཏུ་ཇི་ལྟར་གཏོང་བ་གསལ་འགྲེལ་དང་། རྒྱ་ཆེའི་དགེ་སློབ་དང་སློབ་མའི་ཁྱིམ་བདག་ཚོས་དུག་འགོག་གི་འཐབ་རྩོད་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱས་པ། དུག་འགོག་གི་འོས་འགན་དྲིལ་བསྒྲགས་པ་ཧུར་ཐག་བྱས་ནས་དུག་འགོག་དྲིལ་བསྒྲགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོའི་ནང་སློབ་གསོ་དང་ལེན་བྱེད་མཁན་1500ལྷག་ཙམ་ཡོད་པ་དང་དྲིལ་བསྒྲགས་དཔྱད་ཡིག་700ལྷག་ཙམ་སྤྲད་པ་རེད།

    ལྷོ་ཁ།

    ལྷོ་ཁ་གྲོང་ཁྱེར་དུག་འགོག་གཞུང་ལས་ཁང་གིས“6·1”གི《དུག་འགོག་བཅའ་ཁྲིམས》ཁྱབ་བསྒྲགས་དང་ལག་བསྟར་བྱེད་པའི་དྲན་གསོའི་ཉིན་མོར་དུག་འགོག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། གཅིག་ནས་གཞོན་ནུ་ལོ་ཆུང་ལ་དམིགས་ནས་དུག་འགོག་གི་ཤེས་བྱ་སློབ་གྲྭར་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་བ་དང་། གཉིས་ནས་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཤེས་བྱའི་འགྲན་བསྡུར་བྱེད་སྒོར་དམིགས་ནས“བྱ་དགའ་ཁྱིམ་དུ་སྤྲོད་པའི”དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། གསུམ་ནས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། སྡེ་ཚོགས་གྲོང་ཨུད། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་སོགས་ཁོངས་མིའི་ཚན་པ་སྒྲིག་འཛུགས་བྱས་ནས་སྤྱི་ཚོགས་ཐོག་ལས་ཀ་མེད་པའི་མི་སྣར་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། བཞི་ནས“དུག་འགོག་གི་འཕྲིན་ཐུང་བསྐུར་བ”བརྒྱུད་དུག་འགོག་གི་རྒྱུན་ཤེས་ཁྱབ་གདལ་བཏང་ཡོད། ད་ཐེངས་ཀྱི་བྱེད་སྒོ་སྤེལ་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་བོད་རྒྱ་སྐད་ཡིག་གཉིས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་ཁྲི་6ལྷག་ཙམ་སྤྲད་པ་དང་དྲིལ་བསྒྲགས་འགྲེམས་པང་100ལྷག་ཙམ་འགྲེམས་སྟོན་བྱས་པ་མ་ཟད། ཀྲུང་གོ་སྒུལ་བདེ་དང་གློག་འཕྲིན་ཀུང་སིར་དུག་འགོག་གི་འཕྲིན་ཐུང་165000བསྐུར་དུ་བཅུག་པས་སློབ་གསོ་ཐོབ་མཁན་མང་ཚོགས་25000ལྷག་ཙམ་ཟིན་ཡོད་པ་རེད།

    གཞིས་རྩེ།

    གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུག་འགོག་གཞུང་ལས་ཁང་གིས་གསའ་ལམ་དུ“6·1དུག་འགོག་བཅའ་ཁྲིམས”ལག་བསྟར་དང་དྲན་གསོའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་མི་དམངས་ཉེན་རྟོག་པས་དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཡིག་འགྲེམས་སྟོན་དང་། དུག་འགོག་གི་དྲིལ་བསྒྲགས་དཔྱད་ཡིག་དང་ལག་རྟགས་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་དུག་འགོག་གི་བཅའ་ཁྲིམས་དང་ཁྲིམས་སྲོལ། དུག་རྫས་ཀྱི་གནོད་འཚེ་དང་དེ་བཞིན་དུག་རྫས་ཀྱི་གནོད་འཚེ་ལས་ཇི་ལྟར་གཡོལ་དགོས་པ་སོགས་ཀྱི་ཤེས་བྱ་གསལ་འགྲེལ་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོར་སློབ་གསོ་ཐེབས་མཁན་མི་གྲངས་200ལྷག་ཙམ་ཟིན་པ་དང་དྲིལ་བསྒྲགས་དཔྱད་ཡིག་300ལྷག་ཙམ་སྤྲད་པ་རེད།

    ཆབ་མདོ།

    ཆབ་མདོ་གྲོང་ཁྱེར་དུག་འགོག་གཞུང་ལས་ཁང་གིས་ཆབ་མདོ་གྲོང་ཁྱེར་དམའ་རིམ་སློབ་འབྲིང་དུ་བསྐྱོད་དེ་དུག་འགོག་འཆད་ཁྲིད་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་མི་དམངས་ཉེན་རྟོག་པས་དུག་འགོག་དྲིལ་བསྒྲགས་དཔྱད་ཡིག་དང་དུག་འགོག་དྲིལ་བསྒྲགས་དངོས་རྫས་སྤྲད་ནས་རྒྱ་ཆེའི་དགེ་སློབ་ཚོར་དུག་རྫས་ཀྱི་ཤེས་བྱ་དང་། དུག་རྫས་ཀྱི་གནོད་འཚེ། དུག་འགོག་བཅའ་ཁྲིམས་ཁྲིམས་སྲོལ། དེ་བཞིན་ཇི་ལྟར་བྱས་ནས་རང་ངོས་ཀྱི་འགོག་ཟོན་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི་སྐོར་འགྲེལ་བཤད་བརྒྱབ་པ་དང་། རྒྱ་ཆེའི་དགེ་སློབ་ཚོ་དུག་འགོག་འཐབ་རྩོད་ནང་ཧུར་ཐག་ཞུགས་རྒྱུའི་ཁྲིད་སྟོན་བྱས་པས་དུག་འགོག་དྲིལ་བསྒྲགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། ད་ཐེངས་ཀྱི་བྱེད་སྒོར་སློབ་གསོ་ཐེབས་མཁན་800ལྷག་ཙམ་ཟིན་པ་དང་དྲིལ་བསྒྲགས་དཔྱད་ཡིག་400ལྷག་ཙམ་སྤྲད་པ་རེད།

    ཉིང་ཁྲི།

    ཉིང་ཁྲི་གྲོང་ཁྱེར་དུག་འགོག་གཞུང་ལས་ཁང་གིས་བྲག་ཡིབ་ཆུས་དུག་འགོག་གཞུང་ལས་ཁང་དང་མཉམ་འབྲེལ་ཐོག་ཀོང་པོའི་བྱིས་པའི་སྤྱི་གླིང་དུ“6·1”《དུག་འགོག་བཅའ་ཁྲིམས》ཁྱབ་བསྒྲགས་ལག་བསྟར་གྱི་དྲན་གསོའི་ཉིན་མོའི་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད། མི་དམངས་ཉེན་རྟོག་པས་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་། འགྲེམས་པང་སྒྲིག་པ། ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་སོགས་ཀྱི་རྣམ་པ་བརྒྱུད། དེ་གར་ཡོང་བའི་ན་གཞོན་སློབ་མ་དང་ཁྱིམ་བདག་ལ་དུག་འགོག་གི་དྲིལ་བསྒྲགས་སྦྱར་ཡིག་སྦྱར་བའི་ཟིན་བྲིས་དེབ་དང་། ཁུག་མ། དྲིལ་བསྒྲགས་ཤོག་ལྷེ་སོགས་སྤྲད་པ་མ་ཟད། འདྲ་བཟོས་དུག་རྫས་ཀྱི་མ་དཔེ་བསྟན་པ་དང་དུས་མཚུངས་གོ་བདེ་ཤེས་སླའི་སྐད་ཆར་བརྟེན་ནས་འགྲོ་འོང་བྱེད་མཁན་ལ་ཅི་ཞིག་དུག་རྫས་ཡིན་པ་དང་། དུག་རྫས་ཀྱི་གནོད་འཚེ། དུག་རྫས་ཀྱི་རིགས། ཇི་ལྟར་བྱས་ནས་དུག་རྫས་རིང་དུ་སྤོང་བ་སོགས་དུག་འགོག་ཤེས་བྱའི་ནང་དོན་འགྲེལ་བཤད་བརྒྱབ་པ་དང་། རྒྱ་ཆེའི་སློབ་མ་དང་ཁྱིམ་བདག་གིས་དུག་རྫས་ཀྱིས་མི་སྒེར་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ལ་གནོད་འཚེ་བཟོ་གི་ཡོད་པས། ཁོང་ཚོར་དོགས་ཟོན་འདུ་ཤེས་ཡོད་དགོས་པ་དང་། བསླུ་བྲིད་ངན་པ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། བདེ་ཐང་གི་འཚོ་བའི་གོམས་གཤིས་བཟང་པོ་འཇགས་པར་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཡོད།

    ནག་ཆུ།

    ནག་ཆུ་གྲོང་ཁྱེར་དུག་འགོག་གཞུང་ལས་ཁང་གིས་ནག་ཆུ་གྲོང་ཁྱེར་སློབ་ཆུང་དང་། ནག་ཆུ་གྲོང་ཁྱེར་སློབ་ཆུང་དང་པོ། ནག་ཆུ་གྲོང་ཁྱེར་སློབ་ཆུང་གཉིས་པ་བཅས་སུ་བསྐྱོད་དེ་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོར་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་། འདྲ་བཟོ་བྱས་པའི་དུག་རྫས་ཀྱི་མ་དཔེ་སྟོན་པ། ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་སོགས་ཀྱི་རྣམ་པ་བརྒྱུད། རྒྱ་ཆེའི་དགེ་སློབ་ཚོར་དུག་འགོག་གི་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་དང་དུས་མཚུངས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཅི་ཞིག་དུག་རྫས་ཡིན་པ་དང་། དུག་རྫས་ཀྱི་གནོད་འཚེ། དུག་རྫས་ཀྱི་རིགས། དུག་རྫས་ཇི་ལྟར་བྱས་ནས་སྤོང་བ་སོགས་དུག་འགོག་ཤེས་བྱའི་ནང་དོན་འགྲེལ་བཤད་བརྒྱབ་སྟེ་ཁོང་ཚོར་དོགས་ཟོན་འདུ་ཤེས་ཡོད་དགོས་པ་དང་། བསླུ་བྲིད་ངན་པ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་བདེ་ཐང་གི་འཚོ་བའི་གོམས་གཤིས་བཟང་པོ་ཞིག་འཇཌ་པར་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོར་སློབ་གསོ་ཐེབས་མཁན་མི་གྲངས་600ལྷག་ཙམ་ཟིན་པ་དང་དྲིལ་བསྒྲགས་དཔྱད་ཡིག་1200ལྷག་ཙམ་སྤྲད་པ་རེད།

    མངའ་རིས་ས་ཁུལ།

    མངའ་རིས་ས་ཁུལ་དུག་འགོག་གཞུང་ལས་ཁང་གིས་སྒར་རྫོང་དུག་འགོག་གཞུང་ལས་ཁང་དང་མཉམ་འབྲེལ་ཐོག མངའ་རིས་ས་ཁུལ་ཚོད་ལྟའི་སློབ་ཆུང་དུ་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་འབྲེལ། སློབ་མ་སྒྲིག་འཛུགས་བྱས་ནས་སློབ་གྲྭའི་དུག་འགོག་དཔེ་དེབ་ཁང་དུ་ལྟ་སྐོར་བྱས་པ་རེད། བྱེད་སྒོར་དྲིལ་བསྒྲགས་ཀྱི་དཔྱད་ཡིག་སྤྲོད་པ་དང་། འདྲ་བཟོའི་དུག་རྫས་ཀྱི་མ་དཔེ་སྟོན་པ། ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་སོགས་ཀྱི་རྣམ་པ་བརྒྱུད། རྒྱ་ཆེའི་དགེ་སློབ་དང་། ཁྱིམ་བདག གྲོང་མི་བཅས་ལ་དྲིལ་བསྒྲགས་ཀྱི་ལག་རྟགས་ཆུང་ངུ་སྤྲད་པ་དང་འབྲེལ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཅི་ཞིག་དུག་རྫས་ཡིན་པ་དང་། དུག་རྫས་ཀྱི་གནོད་འཚེ། དུག་རྫས་ཀྱི་རིགས། དུག་རྫས་ཇི་ལྟར་བྱས་ནས་སྤོང་བ་སོགས་དུག་འགོག་ཤེས་བྱའི་ནང་དོན་འགྲེལ་བཤད་བརྒྱབ་པ་དང་། རྒྱ་ཆེའི་དགེ་སློབ་དང་། ཁྱིམ་བདག གྲོང་མི་བཅས་ཀྱིས་དུག་རྫས་ཀྱིས་མི་སྒེར་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ལ་གནོད་འཚེ་བཟོ་གི་ཡོད་པས་ཁོང་ཚོར་དོགས་ཟོན་འདུ་ཤེས་ཡོད་དགོས་པའི་དྲན་སྐུལ་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོར་སློབ་གསོ་ཐེབས་མཁན་5000ལྷག་ཙམ་ཟིན་པ་དང་དྲིལ་བསྒྲགས་དཔྱད་ཡིག་3000ལྷག་ཙམ་སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།