[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ཀྲུང་གོ་གུང་ཁྲན་ཏང་སྐོར་གྱི་རྨང་གཞིའི་ཤེས་བྱ། (14)(15)

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-05-24

    【“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”】 

    “ཚོཌ་འདུ་གསུམ་དང་སློབ་ཚན་གཅིག”ནི་ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དུས་བཀག་བཞིན་ཀྲི་པུའི་ཚོཌ་ཆེན་དང་། ཀྲི་པུའི་ཨུ་ཡོན་ཚོཌ་འདུ། ཏང་ཚོགས་ཆུང་གི་ཚོཌ་འདུ་བཅས་འཚོག་པ་དང་། དུས་ཐོག་ངང་ཏང་གི་སློབ་ཚན་ཡག་པོ་འཁྲིད་པར་ཟེར།

    【“དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུའི་ལམ་ལུགས”】

    རང་རེའི་ཏང་གིས་ཡུན་རིང་གི་གསར་བརྗེ་དང་འཛུགས་སྐྲུན་བྱེད་རིང་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུ་ནང་དོན་གཙོ་བོར་བྱས་པའི་ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བའི་གཞི་རྩའི་བྱེད་སྟངས་ཤིག་ཆགས་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་འཚོགས་པ་དང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ནས། ཏང་ཡོན་གྱི་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐད་ཀྱི་སྐྱོན་ཆ་སེལ་བ་དང་ཏང་ནང་ཁུལ་གྱི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱས་པས། ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་ཤུགས་སྣོན་དང་ཏང་གི་སྒྲིག་འཛུགས་སྐྱོན་བྲལ་ཡོང་བར་སྐུལ་འདེད་ཐེབས་ཡོད། དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་པའི་ལམ་ལུགས་ཀྱི་འགག་རྩ་ནི་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་དངོས་འབྲེལ་བྱས་ནས་ཚོགས་འདུ་མ་འཚོག་གོང་བསམ་འཆར་བསྡུ་ལེན་རྒྱ་ཁྱབ་དང་སྙིང་གཏམ་ཤོད་རེས་གཏིང་ཟབ་བྱེད་པ་དང་། ཚོགས་འདུ་འཚོག་རིང་གནད་དོན་རྩད་བཤེར་ནན་ཏན་དང་། འབྱུང་རྩར་དབྱེ་ཞིབ་གཏིང་ཟབ། དག་ཐེར་བྱེད་ཕྱོགས་གཏན་འཁེལ་བཅས་བྱེད་པ། ཚོགས་འདུ་གྲོལ་རྗེས་རིམ་པ་བཞིན་བཅོས་སྒྲིག་དོན་འཁྱོལ་བཅས་བྱེད་དགོས།

    【དམངས་གཙོའི་ཐོག་ནས་ཏང་ཡོན་ལ་དཔྱད་བསྡུར་བྱེད་པ】

    ཏང་ཀྲི་པུས་སྤྱིར་ན་ལོ་གཅིག་ལ་དམངས་གཙོའི་ཐོག་ནས་ཏང་ཡོན་ལ་དཔྱད་བསྡུར་ཐེངས་གཅིག་བྱེད་དགོས་ཤིང་། ཏང་ཡོན་སྒྲིག་འཛུགས་བྱས་ནས་ཚད་ལོན་ཏང་ཡོན་གྱི་ཚད་གཞི་དང་ཏང་ཞུགས་དམ་ཚིག་ལ་དམིགས་ནས་མི་སྒེར་གྱི་དོན་དངོས་གཞིར་བཟུང་ཏང་གཤིས་ལ་དབྱེ་ཞིབ་བྱེད་དགོས།

    ཏང་ཀྲི་པུས་ཏང་ཡོན་གྱི་ཚོགས་ཆེན་འཚོགས་ནས་མི་སྒེར་གྱི་དཔྱད་བསྡུར་དང་། ཏང་ཡོན་ཕན་ཚུན་དཔྱད་བསྡུར། དམངས་གཙོའི་དཔྱད་བསྡུར་བཅས་ཀྱི་གོ་རིམ་གཞིར་བཟུང་ཏང་ཡོན་སྒྲིག་འཛུགས་བྱས་ནས་དཔྱད་བསྡུར་བྱེད་དགོས། ཏང་ཡོན་མང་བའི་ཏང་ཀྲི་པུས་མི་སྒེར་གྱི་དཔྱད་བསྡུར་དང་ཏང་ཡོན་ཕན་ཚུན་གྱི་དཔྱད་བསྡུར་ཏང་ཚོགས་ཆུང་ནང་བྱས་ན་འགྲིག ཏང་ཀྲི་པུའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའམ་ཡང་ན་ཏང་ཡོན་གྱི་ཚོགས་ཆེན་དཔྱད་བསྡུར་གྱི་གནས་ཚུལ་དང་ཏང་ཡོན་གྱི་རྒྱུན་གཏན་གྱི་མཚོན་ཚུལ་གཞིར་བཟུང་དཔྱད་བསྡུར་གཏན་འབེབས་ཀྱི་བསམ་འཆར་འདོན་དགོས། དམངས་གཙོའི་དཔྱད་བསྡུར་བྱེད་མཁན་ཏང་ཡོན་གྱིས་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་དང་ཟུང་འབྲེལ་བྱས་ནས་མཉམ་དུ་བྱེད་ཆོག

    【སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད】

    སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནི་རང་རེའི་ཏང་སྟོབས་ཆེར་གཏོང་བ་དང་། སྐྱོན་ཆ་སེལ་བ། རྟག་ཏུ་སྐྱོན་དང་བྲལ་བ་བཅས་ཀྱི་ཐབས་མཆོག་ཅིག་ཡིན་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་ཐབས་མཆོག་དེ་ཡག་པོ་སྤྱོད་དགོས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་སྐབས་ངེས་པར་དུ་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་པ་དང་། ཏང་གཤིས་ལ་སྣང་ཆེན་བྱེད་པ་ལས་མི་སྒེར་གྱི་གནས་ཚུལ་ལ་མི་ལྟ་བ། བདེན་དོན་ལ་སྣང་ཆེན་བྱེད་པ་ལས་ངོ་སོར་མི་ལྟ་བ། “མཐུན་སྒྲིལ་དང་། སྐྱོན་བརྗོད། མཐུན་སྒྲིལ”བཅས་མཐའ་འཁྱོངས་བྱས་ཏེ། “མེ་ལོང་ལྟ་བ་དང་། ཞྭ་གོས་སྲོང་བ། ལུས་པོ་བཀྲུ་བ། ནད་གཞི་བཅོས་པ”བཅས་ཀྱི་བླང་བྱ་གཞིར་བཟུང་བསམ་འཆར་ཡག་པོ་འདོན་པ་དང་། སེམས་རྩ་འཁོལ་པོས་བློ་མཐུན་གཞན་ལ་རོགས་རམ་བྱེད་པ། རང་སྐྱོན་རང་བརྗོད་དེ་རང་ཆེ་རང་རློམ་ལ་གཏན་ནས་མི་འགྱུར་བ་དང་ཕན་ཚུན་སྐྱོན་བརྗོད་དེ་འུད་བསྟོད་ལ་གཏན་ནས་མི་འགྱུར་བ་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་ངེས་པར་དུ་རང་སྐྱོན་རང་བཤེར་ནན་པོ་བྱས་ཏེ་ཤེས་རྟོགས་ཐུབ་པའི་གནད་དོན་ཡོད་ཚེ་འབྱུང་རྩར་དབྱེ་ཞིབ་གཏིང་ཟབ་དང་དག་ཐེར་ནན་པོ་བྱེད་དགོས། སྐྱོན་བརྗོད་བྱས་པར་ནོར་འཁྲུལ་ཡོད་ན་ཡོ་བསྲང་དང་མེད་ན་དོགས་ཟོན་བྱེད་དགོས་པ་ལས། རྩ་དོན་མེད་པའི་རྩོད་གླེང་བྱེད་མི་རུང་། སྐྱོན་བརྗོད་དེ་ངེས་པར་དུ་གཞུང་དྲང་ཡིན་དགོས་པ་ལས་རང་སྣང་གང་ཤར་བྱེད་མི་རུང་བ་དང་གཏིང་ནད་སོགས་བྱེད་མི་རུང་། རང་དང་འབྲེལ་བ་མེད་པའི་དོན་དག་ལ་དོ་སྣང་གཏན་ནས་མི་བྱེད་པ་དང་ནོར་བ་ཤེས་བཞིན་དུ་ཉུང་ཙམ་བཤད་ན་བཟང་སྙམ་པའི་ཐ་མལ་མཚན་ཉིད་རིག་པ་དང་མི་བཟང་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། རང་སྐྱོན་འགེབས་པ་དང་ནོར་བ་ཤེས་ཀྱང་ཡོ་བསྲང་མི་བྱེད་པ་སོགས་ནོར་འཁྲུལ་གྱི་ཕྱོགས་ལྷུང་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།